དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • རྣམ་གྲངས་ཨར་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-27

    ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གཙོ་གནད་ལས་གྲྭ་ཞིག་ཡིན་ལ། བོད་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་ཀྱང་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེར་བསྡོམས་མ་དངུལ་སྒོར་དུང་ཕྱུར་2.18བཏང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་ཁྲི་3.73ཟིན་པ། ལས་ཤག་300བསྐྲུན་ནས་དུད་ཚང་ཁག་བགོས་ཀྱིས་དྲོ་ཇུས་དང་། གསོ་རླུང་མཁོ་འདོན། བཞའ་སྣོན་བཅས་ཀྱི་ལེ་ལག་བཀོད་སྒྲིག་བྱེད་པ་དང་། ཟ་ཁང་དང་། སྨན་ཁང་། དེབ་ཁང་། ཚོགས་ཁང་། སྐྲ་ཁང་སོགས་ཞབས་ཞུའི་ཁང་པ་དང་ཆུ་རྐྱལ་རྒྱག་ས་སོགས་ཀྱི་ལུས་རྩལ་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ནས། བོད་སྐྱོར་ལས་བྱེད་པའི་གཞི་རྩའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་རེད། མིག་སྔར་རྣམ་གྲངས་ཨར་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་བ་དང་། སྔོན་དཔག་བྱས་ན་ཟླ་9ཚེས་30ཉིན་ལས་གྲྭ་གཙོ་བོ་སྐྲུན་ཟིན་རྒྱུ་རེད། འདི་ནི་ཨར་སྐྲུན་པས་ཞོར་གཏོགས་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།