2023ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་ལྷ་སར་འབྱོར་བ།

ཟླ་7ཚེས་24ཉིན། ཧྲན་ཤིས་དང་ཅི་ལིན་སོགས་ནས་ཡོང་བའི་2023ལོའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་དང་བླངས་པ་སྔ་རྗེས་སུ་ལྷ་སར་འབྱོར་བ་རེད། 2023ལོ་ནི་སློབ་ཆེན་སློབ་མའི་དང་བླངས་ཞབས་འདེགས་ཀྱི་ནུབ་རྒྱུད་འཆར་གཞི་ལག་བསྟར་བྱས་ནས་ལོ་20འཁོར་བའི་ལོ་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན་ལོ་20ཡི་རིང་ཁྱོན་ཁག་20ཡི་ནུབ་རྒྱུད་འཆར་གཞིའི་དང་བླངས་པ་11751བོད་དུ་ཞབས་འདེགས་ཞུ་བར་ཡོང་ཡོད། ལོ་འཁོར་འདིའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དོན་རྣམ་གྲངས་སུ་མི་1230བསྡུས་པའི་ནང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་མི་130ཡོད། འདི་ནི་ལྷ་ས་མེ་འཁོར་བབས་ཚུགས་སུ་དང་བླངས་པས་དྲན་རྟེན་པར་རྒྱག་བཞིན་པ།