གཞུང་ལམ་རིམ་སྤོར་སྒྱུར་བཀོད་བྱས་ནས་གྲོང་ཁྱེར་གྱི་བཀོད་པ་ལེགས་སུ་བཏང་བ།

ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་ནས་དགུང་སྔོན་ལམ་བར་གྱི་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོར་སྨི་1314ཟིན་པ་དང་དེའི་ནང་བྱང་སྐོར་ལམ་སྒྱུར་བཀོད་ཀྱི་ཁྱབ་ཁོངས་ཀྱང་ཚུད་པ་དང་དན་བག་སྡེ་ཁུལ་ཨུ་ལྷན་གྱི་ནུབ་ངོས་ནས་པེ་ཅིང་ནུབ་ལམ་ལམ་མདོའི་བྱང་ངོས་བར་ཡིན་པ་རེད། ལྷ་ས་གྲོང་ཁྱེར་གྱི་མ་ལམ་གཙོ་བོ་ཡིན་པའི་རྣམ་གྲངས་དེས་གཙོ་བོ་དགུང་སྔོན་ལམ་དང་བྱང་སྐོར་ལམ་གྱི་འགྲིམ་འགྲུལ་འགག་པའི་གནད་དོན་ཐག་གཅོད་ཐུབ་ནས་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱི་ལམ་དྲ་གཙོ་བོ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁུལ་གཙོ་བོའི་འགྲིམ་འགྲུལ་འགག་པའི་གནད་དོན་ཞི་ལྷོད་དུ་གཏོང་བ་དང་དེ་བཞིན་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་བ་བཅས་ཐད་ནུས་པ་གལ་ཆེན་ཐོན་ཡོད། མིག་སྔར་ལམ་དང་ཟམ་པ་གཙོ་བོ་བསྐྲུན་ཟིན་ནས་འདི་ལོའི་ཟླ་10པར་རླངས་འཁོར་ཤར་གཏོང་ཐུབ་བཟོ་ཡོད་པ་རེད། འདི་ནི་ཨར་རྒྱག་བྱ་ཡུལ་ཡིན་པ།