ལྕགས་རི་རིང་པོའི་གནའ་ཤུལ་གྱིས་ཅ་ཡུས་འགག་སྒོའི་ཡུལ་སྐོར་ལ་རམ་འདེགས་བྱས་པ།
ཉེ་བའི་ལོ་ཤས་རིང་། ཅ་ཡུས་འགག་སྒོས་ལྕགས་རི་རིང་པོའི་རིག་གནས་དང་། མཐའ་འགག་གི་རིག་གནས། དར་གོས་ལམ་བུའི་རིག་གནས་སོགས་ཀྱི་གཞི་རྒྱུ་གཅིག་ཏུ་བསྡུས་ནས་ལོ་རྒྱུས་ཀྱི་གནའ་ཤུལ་ལ་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད། ཟླ་7ཚེས་1ཉིན་བར། འདི་ལོ་ཅ་ཡུས་ཀོན་གྲོང་ཁྱེར་གྱིས་ཁྱོན་བསྡོམས་མི་ཐེངས་ཁྲི་288.9ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་17.1བྱུང་ཡོད།
འདི་ནི་ཡུལ་སྐོར་བས་ཀན་སུའུ་ཞིང་ཆེན་ཅ་ཡུས་ཀོན་གྲོང་ཁྱེར་གྱི་ཅ་ཡུས་འགག་སྒོའི་ལྕགས་རི་རིང་པོའི་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།