2023ལོའི་རྒྱལ་སྤྱིའི་ཤ་རིགས་ཐོན་ལས་དངོས་མང་སྟོན་ཚོགས་འགོ་ཚུགས་པ།
ཉེ་ཆར། 2023ལོའི་རྒྱལ་སྤྱིའི་ཤ་རིགས་ཐོན་ལས་དངོས་མང་སྟོན་ཚོགས་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། སྐབས་འདིའི་དངོས་མང་སྟོན་ཚོགས་ཐོག་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་300ལྷག་ཙམ་གདན་དྲངས་ཏེ་སྤུས་ལེགས་འཁྱག་ཤ་དང་། སྔོན་བཟོས་སྔོ་ཚལ། སྡེབ་རྫས་སྡེབ་ཆས། འཕྲུལ་ཆས་སྒྲིག་ཆས། ཞབས་ཞུའི་མཉེན་ཆས་སོགས་ཐོན་རྫས་ཆིག་སྟོང་ལྷག་ཙམ་ཁྱེར་ནས་འགྲེམས་སྟོན་ནང་ཞུགས་པ་དང་ཉོ་སྒྲུབ་ཚོང་པ་1000ལྷག་ཙམ་འགྲེམས་ཚོགས་ལ་ཞུགས་ཡོད་པ་རེད།
འདི་ནི་ལྟ་སྐོར་བས་འགྲེམས་ཚོགས་ཐོག་འགྲེམས་རྫས་ལ་པར་རྒྱག་བཞིན་པ།