སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་བསུ། གྲོང་སྐོར་སྐྱེ་ཁམས་ཁུལ་དུ་རྒྱུག་ཤར་གློད།
ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་འགོ་ཚུགས་མཛད་སྒོ་འཚོག་པར་ད་དུང་ཉིན་12ཡོད་པ་རེད། ཚེས་16ཉིན་གྱི་སྔ་དྲོ། ཁྲེང་ཏུའུ་གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གི་གྲོང་མིའི་འཐུས་མི་དང་ལུས་རྩལ་ལ་དགའ་པོ་བྱེད་མཁན་1400ལྷག་ཙམ་གྱིས་ཁྲེང་ཏུའུ་གྲོང་སྐོར་སྐྱེ་ཁམས་ཁུལ་གྱི་རིམ་པ་དང་པོའི་ལྗང་མདོག་བགྲོད་ལམ་དུ“སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་བསུ། གྲོང་སྐོར་སྐྱེ་ཁམས་ཁུལ་དུ་རྒྱུག་ཤར་གློད”ཅེས་པའི་བྱེད་སྒོ་སྤེལ་ཏེ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་བསྡུར་བསུས་ཤིང་། བྱེད་སྒོ་སྤེལ་རིང་ཁྲེང་ཏུའུ་གྲོང་ཁྱེར་མཐོ་གསར་ཁུལ་གྱི་ཀུའེ་ཤིས་སྐྱེ་ཁམས་སྤྱི་གླིང་ཚོགས་ར་གཙོ་བོར་བྱེད་པ་དང་། ཆིང་ལུང་མཚེའུ་དང་། ཧྲུའུ་ཏའོ་ཐུང་ཆུས། ཅིན་ཤིའུ་ཧྲུའེ་ཡུན་བཅས་ཡན་ལག་ཚོགས་ར་གསུམ་ལ་གཏན་འཁེལ་བྱས་ཤིང་། འདི་ནི་ཁྲེང་ཏུའུ་མཐོ་གསར་ཁུལ་ཀུའེ་ཤིས་སྐྱེ་ཁམས་སྤྱི་གླིང་དུ་གྲོང་མི་ཞིག་གིས་བརྗོད་དོན་གཙོ་བོའི་གྱང་མདུན་དུ་པར་རྒྱག་བཞིན་པ།