སྤྱི་ཕན་བྱེད་སྒོས་བོད་ལྗོངས་ཆབ་མདོར་འོས་འགན་སྨན་བཅོས་བྱས་པ།

ཟླ་7ཚེས་7ཉིན་ནས་ཚེས་14ཉིན་བར། 2023ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་བོད་ལྗོངས་ཆབ་མདོའི་བྱ་སྤྱོད་ཀྱི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་ཆུས་དང་རྫོང་11ཏུ་བསྐྱོད་པའི་བརྗོད་དོན་གཙོ་བོའི་སྤྱི་ཕན་བྱེད་སྒོ་སྤེལ་ཅིང་། དེའི་ནང་ས་གནས་དེ་གའི་མི་དམངས་ལ་སྨན་རིན་མི་དགོས་པའི་འོས་འགན་སྨན་བཅོས་དང་། ནད་གཞི་དབྱེ་བཤེར། ས་མཐོའི་གཤགས་བཅོས། བདེ་ཐང་ཚན་རིག་ཁྱབ་གདལ། གཅེས་སེམས་ཞལ་འདེབས་འབུལ་བ་སོགས་ཚུད་ཡོད། བྱེད་སྒོ་དེ་ནི་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཛུབ་ཁྲིད་དང་། ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། པེ་ཅིང་སེམས་མཐུན་མཉམ་གཏོད་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོ་དེར་པེ་ཅིང་ནས་ཡོང་བའི་སྨན་དོན་མི་སྣ་453དང་དང་བླངས་པ་ཁག་གཅིག་ཞུགས་ཡོད། འདི་ནི་ཟླ་7ཚེས་9ཉིན་བོད་ལྗོངས་ཆབ་མདོ་ཁ་རུབ་གྲོང་རྡལ་གྱི་འོས་འགན་སྨན་བཅོས་བྱ་ཡུལ་དུ་པེ་ཅིང་ཤིས་ཡོན་སྨན་ཁང་ནུ་མའི་གཤེར་རྨེན་ཚན་ཁག་གི་གཙོ་བཅོས་སྨན་པ་དབྱང་ལི་ཡིས་ནད་པའི་Xསྦྱིན་ཤོག་ལ་དབྱེ་ཞིབ་བྱེད་བཞིན་པ།