དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • དྲ་རྒྱའི་བདེ་འཇགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-15

    འདི་ནི་འགྲན་བསྡུར་ཆེན་པོ་སྤེལ་ཡུལ་ཡིན་པ།

    ཟླ་7ཚེས་11ཉིན། ཀྲུང་གོ་རྩལ་ནུས་འགྲན་བསྡུར་ཆེན་པོ་བོད་རང་སྐྱོང་ལྗོངས་ཀྱི་2023ལོའི“ལྷ་ཕུབ་བུམ་པའི”དྲ་རྒྱའི་བདེ་འཇགས་རྩལ་ནུས་འགྲན་བསྡུར་ཆེན་པོ་སྐབས་བཞི་པ་དང་དྲ་རྒྱའི་བདེ་འཇགས་སྐོར་གྱི་མཐོ་རིམ་གླེང་སྟེགས་ལྷ་སར་འཚོགས་ཤིང་། བྱེད་སྒོའི་དམིགས་ཡུལ་ནི་དྲ་རྒྱའི་བདེ་འཇགས་ཁོར་ཡུག་གཏོད་པ་དང་ཆབས་ཅིག་དྲ་རྒྱའི་བདེ་འཇགས་རྩལ་ནུས་ཐད་ཀྱི་ཕུལ་བྱུང་ཤེས་ལྡན་པ་ཁག་གཅིག་སྔོག་འདོན་བྱས་ནས། རང་ལྗོངས་ཀྱི་དྲ་རྒྱའི་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་ཆེད་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་ཆེན་པོའི་ཐོག་ཚོགས་པའི་བྱ་དགའ་དང་མི་སྒེར་གྱི་བྱ་དགའ་གཉིས་བཀོད་སྒྲིག་དང་སྲིད་གཞུང་ཚན་པའི་ཚོགས་ཆུང་དང་མཐོ་སློབ་ཁེ་ལས་ཚོགས་ཆུང་གཉིས་ལ་ཕྱེ་ཡོད། ཚོགས་པ་དང་མི་སྒེར་གྱི་བྱ་དགར་ཨང་དང་པོ་གཅིག་རེ་དང་། གཉིས་པ་གཉིས་རེ། གསུམ་པ་གསུམ་རེ། ཕུལ་བྱུང་བྱ་དགའ་ལྔ་རེ་བཅས་བཀོད་སྒྲིག་བྱས་ཡོད་པ་དང་། ཚོགས་ཆུང་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་པའི་ཚོགས་ཆུང་ལ་གལ་སྲིད་འབྲེལ་ཡོད་ཆ་རྐྱེན་འཛོམས་ཚེ་ལོ་འཁོར་རྗེས་མའི“བོད་ཀྱི་ལས་བཟོའི་གདོང་ལེན་པའི”གཟི་བརྗིད་མཚན་སྙན་དཔྱད་འདེམས་ལ་འོས་སྦྱོར་བྱ་རྒྱུ་དང་། མི་སྒེར་གྱི་འགྲན་བསྡུར་ཁྲོད་ཨང་དང་པོ་འཐོབ་མཁན་ལ་གལ་སྲིད་ཆ་རྐྱེན་འཛོམས་ཚེ་ལོ་འཁོར་རྗེས་མའི“བོད་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ”དང“བོད་རང་སྐྱོང་ལྗོངས་ཀྱི་ལག་རྩལ་འཇོན་ཐང་ཅན”གྱི་འོས་མིའི་གཟི་བརྗིད་མཚན་སྙན་དཔྱད་འདེམས་ལ་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།