ལྷོ་ཁར་གད་སྙིགས་རིགས་དབྱེ་དང་ཐཱན་ཉུང་འཚོ་བ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བཞིན་པ།

འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་ཡག་པོ་བཅས་བྱས་ནས། ཏང་འཛུགས་སྐྱོང་གི་ལས་དོན་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་མུ་མཐུད་སྤེལ་ནས། ལས་ཆོད་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། འདི་ནི་ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཁང་གི་ཏང་ཡོན་ལས་བྱེད་པས་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་དང་པོར་གད་སྙིགས་རིགས་དབྱེ་དང་ཐཱན་ཉུང་འཚོ་བ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བཞིན་པ།