བོད་ལྗོངས་དཔལ་མགོན་རྫོང་གིས།
ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ།
འདི་ནི་རྡོལ་རྒས་གྲོང་ཚོའི་ཡུལ་མི་ཞིག་གིས་ལུག་གི་འོ་མ་འཇོ་བཞིན་པ།
ཉེ་བའི་ལོ་ཤས་རིང་། ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཕུར་བུ་གྲོང་རྡལ་རྡོལ་རྒས་གྲོང་ཚོས“ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི”ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཆབས་ཅིག་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་གིས་ད་དུང་རྫོང་གྲོང་དུ་མགྲོན་ཁང་དང་། ཚོང་ཁང་། བོད་ཟས་ཁང་སོགས་བཙུགས་པས། ད་ཆ་རྡོལ་རྒས་གྲོང་ཚོ་དེ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་ཕྱུག་གྲོང་ཚོར་གྱུར་ཡོད།