དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • མཛེས་སྡུག་ལྡན་པའི་ཡར་ཉང་འདམ་ར།

  • ཡོང་ཁུངས།   《དཔལ་འབྱོར་ཉིན་རེའི་ཚགས་པར》   |     སྤེལ་དུས།  2023-07-12

    ཉིང་ཁྲི་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོ་དང་ཉང་ཆུ་གཙང་པོའི་འབྲེལ་མཚམས་སུ་ཡོད་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ས་བབ་མཐོ་ཚད་ལ་སྨི་2920ཟིན་ཞིང་། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྨང་གཞིའི་སྒྲིག་བཀོད་དང་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། འདི་ནི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་སྐྱོད་སའི་ཉིང་ཁྲི་སྨན་གླིང་གནམ་ཐང་གི་རིམ་མཐོའི་གཞུང་ལམ་ཡིན་པ།

    ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཆུ་མོ་དྭངས་ཤིང་གཙང་ལ་འདབ་ཆགས་མང་ཞིང་། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡར་ཉང་རྒྱལ་ཁབ་འདམ་ར་སྲུང་སྐྱོང་དང་སླར་གསོའི་ལས་གྲྭ་ལག་བསྟར་བྱས་པས་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད།

    ད་ཕན་ལོ་ཤས་རིང་ས་གནས་དེ་གའི་མང་ཚོགས་ཀྱིས་ས་གནས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཡུལ་སྐོར་ལས་རིགས་གཉེར་ཏེ་ཕྱུག་པོའི་ལམ་དུ་བསྐྱོད་ཡོད།

    འདི་ནི་ཡུལ་སྐོར་བས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ལྗོངས་གཟིགས་སྒང་ནས་ས་མཐོའི་མཛེས་ལྗོངས་ལ་ལྟ་བཞིན་པ།

    སྔོན་ཆད་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་འགྲམ་ཐང་ཡིན་ཞིང་། ད་ཆ་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་ནས་མཛེས་སྡུག་ལྟ་ན་སྡུག་པ་ཞིག་ཡོད།

    ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་པད་མ་སེར་པོ་རབ་ཏུ་བཞད་ཅིང་། འདམ་རའི་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པ་དང་སྐྱེ་དངོས་30%ཡན་བོད་ཁོ་ནར་མ་གཏོགས་མེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།