ཧྲང་ཧའེ་རུ་དབྱར་དུས་སློབ་ཆུང་སློབ་མ་བཅོལ་ཉར་འཛིན་གྲྭ་སློབ་འགོ་ཚུགས་པ།
ཟླ་7ཚེས་3ཉིན། 2023ལོའི་ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་ཆུང་སློབ་མ་བཅོལ་ཉར་འཛིན་གྲྭ་དེ་གྲོང་ཁྱེར་ཡོངས་ཀྱི་ཆུས་16གི་འཛིན་གྲྭ་གཉེར་ས་579རུ་དངོས་སུ་སློབ་འགོ་ཚུགས་པ་རེད། འདི་ལོའི་དབྱར་གསེང་གི་བཅོལ་ཉར་འཛིན་གྲྭ་ཟླ་7ཚེས་3ཉིན་ནས་ཟླ་8ཚེས་11ཉིན་བར་དུས་ཐེངས་གཉིས་གཉེར་རྒྱུ་དང་དུས་ཐེངས་རེར་གཟའ་འཁོར་3ཡིན་པ་རེད། སྔོན་དཔག་བྱས་ན་སློབ་ཆུང་སློབ་མ་ཁྲི་6ཙམ་ལ་ཞབས་འདེགས་ཞུ་རྒྱུ་རེད། འདི་ནི་ཉིན་དེར་ཅིང་ཨན་ཆུས་ཧྲི་མོན་ཨེར་ལམ་ཁྲོམ་གཞུང་གི་ཧུའུ་ཏེ་དབན་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་དང་བླངས་པས་ཕྲུ་གུ་ཚོར་ཤོག་བུ་བྲེག་སྟངས་སློབ་བཞིན་པ།