དབུ་ཤོག>པར་མཛོད།>པར་མཁན།
  • ཧོ་ཀྲེ་རིགས་ཀྱིས“ཝུའུ་རི་ཀུང”དགའ་གཏོང་བྱས་ནས་མི་རིགས་ཀྱི་རྩལ་ནུས་རྒྱུན་འཛིན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-04

    འདི་ནི་ཧོ་ཀྲེ་རིགས་ཀྱི་ཝུའུ་རི་ཀུང་འདུ་ཚོགས་སྐབས་བཅུ་གཅིག་པ་འཚོག་ཡུལ་དུ་ཧོ་ཀྲེ་རིགས་ཀྱི་བདམས་ཐོན་པས་ཉ་ལྤགས་ཀྱིས་བཟོས་པའི་གྱོན་ཆས་གྱོན་ནས་འཁྲབ་སྟོན་བྱེད་བཞིན་པ།

    ཧོ་ཀྲེ་རིགས་ཀྱི་ཝུའུ་རི་ཀུང་འདུ་ཚོགས་སྐབས་བཅུ་གཅིག་པ་འཚོག་ཡུལ་དུ་ཧོ་ཀྲེ་རིགས་ཀྱི་བདམས་ཐོན་པས་དབྱི་མ་ཁན་གཏོང་བཞིན་པ།

    ཧོ་ཀྲེ་རིགས་ཀྱི་ཝུའུ་རི་ཀུང་འདུ་ཚོགས་སྐབས་བཅུ་གཅིག་པ་འཚོག་ཡུལ་དུ་ཧོ་ཀྲེ་རིགས་ཀྱི་བདམས་ཐོན་པས་སྦེ་ག་འགྲན་བཞིན་པ།

    ཟླ་7ཚེས་2ཉིན། ཧོ་ཀྲེ་རིགས་ཀྱི་ཝུའུ་རི་ཀུང་འདུ་ཚོགས་སྐབས་བཅུ་གཅིག་པ“ཀྲུང་གོའི་ཤར་སྣེ”ཧེ་ལུང་ཅང་ཞིང་ཆེན་ཕུའུ་ཡོན་གྲོང་ཁྱེར་དུ་འཚོགས་ཤིང་། པེ་ཅིང་དང་། ཧར་པིན། ཅ་མུའུ་སི། ཡ་ཙི་རི་བོ་སོགས་ནས་ཡོང་བའི་འཐུས་མིའི་རུ་ཁག་15ཡི་རུ་མི་ཚོས་གླུ་ལེན་གར་འཁྲབ་བྱས་ནས་ཧོ་ཀྲེ་རིགས་ཀྱི་སྲོལ་རྒྱུན་རྩལ་ནུས་ངོམ་སྟོན་བྱེད་པ་དང་། དུས་ཆེན་གྱི་དགའ་སྤྲོའི་དཔལ་ལ་རོལ་ནས་ཧོ་ཀྲེ་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་པ་རེད།

    ཝུའུ་རི་ཀུང་ཞེས་པ་ཧོ་ཀྲེའི་སྐད་དུ་བཀྲ་ཤིས་དགའ་བདེའི་དོན་ཡིན་པ་དང་། ཝུའུ་རི་ཀུང་འདུ་ཚོགས་ནི་སྲོལ་རྒྱུན་རིག་གནས་ཀྱིས་རྨང་གཞི་བྱས་ཤིང་། རིག་རྩལ་དང་། ལུས་རྩལ། སྐད་བརྡ། བཟའ་བཏུང་། སྲོལ་རྒྱུན་བཟོ་རྩལ་བཅས་གཞི་གཅིག་ཏུ་འདུས་པའི་དམངས་ཁྲོད་རིག་གནས་ཀྱི་བྱེད་སྒོ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།