དབུ་ཤོག>པར་མཛོད།
  • བྲག་འཛེག་འགྲན་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-28

    འདི་ནི་བྲག་འཛེག་འགྲན་བསྡུར་ནང་ཞུགས་མཁན་གྱི་བདམས་ཐོན་པ་ཡིན་པ།

    ཚེས་23ཉིན་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་བྲག་ངོས་འཛེག་པའི་ཡོངས་བསྒྲགས་འགྲན་བསྡུར་ལྷ་སར་མཇུག་འགྲིལ་བ་རེད། སི་ཁྲོན་དང་། ཀུའེ་ཀྲོའུ། ཁྲུང་ཆིང་བཅས་ནས་ཡོང་བའི་བྲག་འཛེག་ལུས་རྩལ་པ་དང་དེ་བཞིན་རང་ལྗོངས་ཀྱི་གྲོང་ཁྱེར(ས་གནས)ཁག་གི་འཐུས་མི་རུ་ཁག་དང་། ལས་ཞོར་ལུས་རྩལ་སློབ་གྲྭ བྲག་འཛེག་ལ་དགའ་པོ་ཡོད་མཁན་བཅས་ཁྱོན་བདམས་ཐོན་པ་38འགྲན་བསྡུར་ནང་ཞུགས་པ་རེད།

    ད་རེས་ནི་རང་ལྗོངས་སུ་རང་བྱུང་བྲག་ངོས་འཛེག་པའི་ཡོངས་བསྒྲགས་འགྲན་བསྡུར་གཉེར་ཐེངས་དང་པོ་རེད། ཉིན་གཉིས་རིང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་མཐར་ཀུའེ་ཀྲོའུ་ཡི་བྲག་འཛེག་ལུས་རྩལ་པ་ལུའོ་ཅིན་ཐའོ་ལ་རང་བྱུང་བྲག་ངོས་འཛེག་པའི་དཀའ་ཚེགས་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱི་གཙོ་གནད་ལས་ཞོར་ལུས་རྩལ་སློབ་གྲྭའི་བདམས་ཐོན་པ་བཀྲ་ཤིས་མཚོ་མོར་རང་བྱུང་བྲག་ངོས་འཛེག་པའི་དཀའ་ཚེགས་འགྲན་བསྡུར་གྱི་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།