རྫི་ཁྱིས་རྩལ་ངོམས་པ།

གྲོགས་པོ་ཆུང་ཆུང་ཚོས་རྫི་ཁྱི་དང་མཉམ་དུ་པར་བརྒྱབ་པ།

རྫི་ཁྱིས་འཁྲབ་སྟོན་བྱེད་པ།

གྲོགས་པོ་ཆུང་ཆུང་དང་རྫི་ཁྱི་རྩེད་མོ་རྩེ་བ།
ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རྫི་ཁྱིའི་ལག་རྩལ་རུ་ཆེན་གྱི་ཉེན་རྟོག་པས་རྫི་ཁྱི་ཁྲིད་དེ་སྣེའུ་ཁུལ་གསར་བུ་བཅོལ་ཁང་དུ་དགེ་སློབ་ལ་རྫི་ཁྱིའི་འཁྲབ་སྟོན་བྱས་པ་རེད།
ཉེན་རྟོག་པ་དང་རྫི་ཁྱིས་བྱིས་པ་ཚོར་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པར་བརྟེན་ཕྲུ་གུ་ཚོ་དགའ་ཐག་ཆོད་ནས་དགའ་བསུ་ཡང་ཡང་ཞུས་པ་རེད།
རྫི་ཁྱིའི་འཁྲབ་སྟོན་མཇུག་འགྲིལ་རྗེས། གྲོགས་པོ་ཆུང་ཆུང་ཚོ་རྫི་ཁྱིའི་འཁྲིས་སུ་བཅར་ནས་མགོ་ལ་བྱིལ་བྱིལ་བྱེད་པ་སོགས་བྱས། “སྔོན་མ་རྫི་ཁྱི་ཞེད་སྣང་ཚ་པོ་ཞིག་མཐོང་གི་འདུག དེ་རིང་དངོས་སུ་མཐོང་དུས་དེ་འདྲ་རེད་མིན་འདུག” ཅེས་བུ་མོ་ཆུང་ཆུང་ཚེ་རིང་དབྱངས་སྐྱིད་ཀྱིས་སེམས་འགུལ་ཐེབས་པའི་ངང་བཤད། ཉེན་རྟོག་པའི་སྣེ་ཁྲིད་འོག་ཕྲུ་གུ་ཚོས་རྫི་ཁྱིའི་མགོ་ལ་བྱིལ་བྱིལ་བྱས་པ་མ་ཟད། རྫི་ཁྱི་དང་མཉམ་དུ་དྲན་རྟེན་པར་ཡང་བརྒྱབ་པ་རེད།