དབུ་ཤོག>པར་མཛོད།
  • བོད་ལྗོངས་འགྲེམས་ཚོགས་ལ་ས་གནས་ཁག་གི་ལག་ཤེས་བཟོ་ལས་ཐོན་རྫས་ཀྱིས་མཚར་སྡུག་འགྲན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-06-20

    འདི་ནི་ཡུལ་སྐོར་བ་ཁ་ཤས་ཀྱིས་བོད་ཀྱི་ས་ཁུལ་ཁག་གི་གྱོན་ཆས་ལ་པར་རྒྱག་བཞིན་པ།

    འདི་ནི་ཚོང་པ་ཞིག་གིས་རྐུབ་སྟེགས་ཀྱི་སྒང་དུ་འཛེགས་ནས་སྐུ་མགྲོན་ལ་བོད་པའི་དངུལ་ཕོར་ངོ་སྤྲོད་བྱེད་བཞིན་པ།

    ཟླ་6ཚེས་16ནས་18ཉིན་བར། རིག་གནས་དང་ཡུལ་སྐོར་པུའུ་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་ལྷ་སར་གཉེར་བ་རེད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ནི་དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་ནས་གཉེར་བ་ཞིག་ཡིན་པས། བོད་ཀྱི་ཞིང་འབྲོག་ཁུལ་ནས་སླེབས་པའི་མཁོ་ཚོང་མཉམ་ལས་རྩ་འཛུགས་50ཡིས་རྩམ་པ་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་རིགས་300ལྷག་ཙམ་འགྲེམས་སྟོན་དུ་བཤམས་ཡོད། འགྲེམས་སྟོན་ལ་ཞུགས་མཁན་གྱི་ཕྱིའི་རྒྱལ་ཁབ་ཀྱི་ཚོང་པ་སྔར་བས་མང་དུ་ཕྱིན་པ་སྟེ། ནེ་པ་ལ་དང་། རྒྱ་གར། ཝེ་ཐེ་ནམ། དབྱི་རན། དབྱི་ཐ་ལི། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་16གི་ཁེ་ལས་60ཡིས་ཚོང་ཟོག་སྣ་ཁ་630ཁྱེར་ཡོད་པས་འགྲེམས་ཁང་དུ“རྒྱལ་སྤྱིའི་རྣམ་པ”ཟབ་མོ་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།