དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཁེ་ལས་མཁས་པའི་འཐུས་མིས་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་གླིང་དུ་ལྟ་སྐོར་དང་རྟོག་ཞིབ་བྱས་པ།

    སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་གཉིས་ཁེ་འཕེལ་རྒྱས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    འདི་ནི་བོད་ལྗོངས་འགྲེམས་ཚོགས་ཀྱི་འགྲེམས་ཁུལ་དུ་ས་མཐོའི་ཐབ་ཆས་ལ་མང་ཚོགས་ཀྱིས་དགའ་པོ་བྱེད་པ།

    བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་རིང་། ཚེས་18ཉིན་གྱི་སྔ་དྲོར་གན་རྒྱ་འཇོག་མཁན་ཁེ་ལས་ཀྱི་སྐུ་མགྲོན་དང་ལྗོངས་ཕྱི་ནང་གི་ཁེ་ལས་ཀྱི་འཐུས་མི་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་བསྐྱོད་ནས་ལྷ་སའི་ཐོན་ལས་གླིང་གི་འཕེལ་རྒྱས་ལ་བརྟག་ཞིབ་བྱས་པ་རེད།

    བོད་ལྗོངས་ཡུས་གཡོད་སྨན་བཅོས་མ་དངུལ་ཚད་ཡོད་འགན་འཁྲི་ཀུང་སི་དང་བོད་ལྗོངས་ཨ་རག་རྒྱལ་པོ་ཆང་ལས་ཚད་ཡོད་འགན་འཁྲི་ཀུང་སི་སོགས་ཁེ་ལས་6ཏུ་སྐུ་མགྲོན་ཚོས་ཐོན་སྐྱེད་གནས་ཚུལ་གྱི་ངོ་སྤྲོད་ཉན་པ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་གྲོས་བསྡུར་བྱས་པ་མ་ཟད། ད་དུང་ཁག་གཅིག་དབར་མཉམ་ལས་ཀྱི་འདོད་མོས་རགས་ཙམ་བྱུང་ཡོད། ཚང་མས་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་ཆེ་བ་དང་ཁྲོམ་རའི་མདུན་ལམ་རྒྱ་ཆེ་བས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད། ད་རེས་ཀྱི་བོད་ལྗོངས་འགྲེམས་ཚོགས་གོ་སྐབས་སུ་བྱས་ཏེ་བོད་ཀྱི་ཁེ་ལས་དང་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་མཉམ་དུ་ཡག་པོ་སྐྱོད་པའི་རེ་བ་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    “ཁེ་ལས་མཁས་པའི་འཐུས་མི་ལྟ་སྐོར་དང་རྟོག་ཞིབ་ཏུ་སྒྲིག་འཛུགས་བྱས་པ་བརྒྱུད་བོད་ཀྱི་ཁེ་ལས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་སྲིད་ཇུས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཐབས་ཇི་ལྟར་བྱས་པ་བསྟན་ཡོད། ཁེ་ལས་དབར་གྱི་སྤེལ་རེས་ལ་སྔར་བས་ཤུགས་སྣོན་དང་མཉམ་ལས་གཉིས་ཁེའི་ཐབས་ལམ་རྒྱ་ཆེར་གཏོང་བའི་རེ་བ་ཡོད” རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རང་སྐྱོང་ལྗོངས་ཚོང་འགུགས་མ་འདྲེན་ཅུས་ཀྱི་ཅུས་ཀྲང་ཝང་ཡིའུ་ཧྭ་ཡིས། གོམ་སྟབས་རྗེས་མར“ལེགས་ཆ་ཆེ་ཤོས་བཞིའི”བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཚོང་གཉེར་ཁོར་ཡུག་དེ་བས་ལེགས་པ་བཏོད་པ་དང་ཞབས་འདེགས་དེ་བས་སྤུས་ལེགས་ཞུས་ནས་ད་ཐེངས་ཀྱི་བོད་ལྗོངས་འགྲེམས་ཚོགས་ལ་གན་རྒྱ་བཞག་པའི་རྣམ་གྲངས་ཀྱི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།