གོས་དཀར་སྨན་པ་ང་ཡི་ཁྱིམ་དུ་ཕེབས།

ཟླ་6ཚེས་12ཉིན་ཝང་ཐུང་ཤུས(གཡས་ཀྱི་གཉིས་པ)དང་། ཁྲེན་པིང(གཡས་ཀྱི་དང་པོ) ཉི་མ་ཡེ་ཤེས(གཡོན་གྱི་དང་པོ)བཅས་ཀྱིས་གྲོང་མི་འབྲུག་རྒྱལ་ལ་སྨན་བཅོས་བྱེད་བཞིན་པ།

ཟླ་6ཚེས་12ཉིན་སྨན་པ་ཝང་ཀྲེན་ཅང་གིས(གཡོན་གྱི་དང་པོ)ནད་པ་ཟླ་བ་བཟང་པོ(གཡས་ཀྱི་དང་པོ)ལ་སྨན་བཅོས་བྱེད་བཞིན་པ།
ཟླ་6ཚེས་12ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བདུན་པའི་རུ་དཔོན་ཝང་ཀྲེན་ཅང་དང་། རུ་མི་ཁྲེན་པིང་དང་ཝང་ཐུང་ཤུས་དང་། ས་གནས་ཀྱི་ན་གཞོན་སྨན་པ་ཉི་མ་ཡེ་ཤེས་བཅས་ཀྱིས་སྨན་བཅོས་སྒྲིག་ཆས་དང་སྨན་ཁྱེར་ནས་བོད་ལྗོངས་སྨན་གླིང་གྲོང་ཁྱེར་མི་དམངས་སྨན་ཁང་ནས་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་30ལྷག་ཙམ་གྱི་སར་ཡོད་པའི་ཐོན་པ་རུང་གྲོང་ཚོར་བསྐྱོད་ནས་ནད་པར་སྨན་བཅོས་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར་རྒྱལ་ཡོངས་བོད་སྐྱོར་ལས་དོན་གྱིས་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་ཐབས་ལག་བསྟར་བྱས་པར་བརྟེན། བོད་ཀྱི་ནད་པ་མང་པོ་རང་ཁྱིམ་གྱི་སྒོ་རྩར་སྨན་བཅོས་ཐུབ་པ་དང་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་ཕྱིན་པ་མ་ཟད། “བརྒྱུད་རོགས་ཁྲིད”གསུམ་གྱི་ལམ་ལུགས་བཙུགས་པ་དང་བོད་ཀྱི་སྨན་བཅོས་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ཐུབ་སྟེ། བོད་ཀྱི་སྨན་བཅོས་སྒྲིག་གཞིས་ལོར་ནད་པར་སྨན་བཅོས་བྱེད་ཚད་རིམ་གྱིས་འཕར་བ་དང་བོད་ཀྱི་སྨན་བཅོས་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཕྱིན་ཡོད།