ཁྲང་དཀར་གྲོང་ཚོའི་མང་ཚོགས་རྒན་རྒོན་ཚོས“གསར་བརྗེའི་རྟ་ཟམ”དུ་དགའ་འཛོམས་བྱེད་པ།
ཉིན་ཤས་གོང་། འཕྱོངས་རྒྱས་རྫོང་གིས་རྒྱལ་སྨན་ཤང་ཁྲང་དཀར་གྲོང་ཚོར་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོ་རིམ་པའི“གསར་བརྗེའི་རྟ་ཟམ”ཐོག་མ་སྟེ་ཉིན་མོའི་ལྟ་རྟོག་ལྟེ་གནས་བསྐྲུན་པ་རེད། རྟ་ཟམ་དེར་ཉིན་མོར་ལྟ་རྟོག་བྱེད་པ་དང་། གསར་བརྗེའི་དེབ་ལ་ལྟ་བ། གཟའ་མཇུག་ཏུ་སློབ་ཚན་འཚོག་པ། ཏང་ཡོན་གྱི་མཚན་མོའི་སློབ་གྲྭ་གཉེར་བ། དམངས་འདོད་གནས་ཚུལ་བསྡུ་རུབ། རྩོད་གཞི་འདུམ་འགྲིག སྲིད་ཇུས་སྒྲོག་འགྲེལ་སོགས་གཞི་གཅིག་ཏུ་འདུས་ཏེ། གྲོང་ཚོ་རིམ་པའི་ཏང་ཡོན་དང་མང་ཚོགས་ཀྱི་བྱེད་སྒོའི་ལྟེ་གནས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་བ་རེད། འདི་ནི་ཁྲང་དཀར་གྲོང་ཚོའི་མང་ཚོགས་རྒན་རྒོན་ཚོས“གསར་བརྗེའི་རྟ་ཟམ”དུ་དགའ་འཛོམས་བྱེད་བཞིན་པ།