ཁྲོམ་ར་དང་། ཚོང་ཁང་། ཁེ་ལས་བཅས་ལ་ལྟ་སྐུལ་བྱེད་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཁྲོམ་ར་དང་། ཚོང་ཁང་། ཁེ་ལས་བཅས་སུ་བསྐྱོད་དེ་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་བཟའ་བཅའ་བདེ་འཇགས་ཀྱི་དཔེ་མཚོན་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་ཐད་ལྟ་ཞིབ་བྱས་ཏེ་དཔེ་མཚོན་འཛུགས་གཏོད་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།
འདི་ནི་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ལྕགས་རོང་སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་ལ་ཞིབ་བཤེར་བྱེད་བཞིན་པ།