དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ། འགྲན་བསྡུར་ལ་བརྟེན་ནས་འཇོན་ཐང་ཅན་གསོ་སྐྱོང་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-01

    ཟླ་5ཚེས་27ཉིན་དང་ཚེས་28ཉིན། ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་ཆུ་རྐྱལ་འགྲན་བསྡུར་སྐབས་གསུམ་པ་སྣེའུ་བདེ་ཐང་ཞབས་ཞུའི་ལྟེ་གནས(ཆུ་རྐྱལ་ཁང)སུ་གཉེར་བ་རེད། ལྷ་ས་གྲོང་ཁྱེར་སློབ་གྲྭ་འབྲིང་ཆུང་གི་སློབ་མ་500ལྷག་ཙམ་འགྲན་བསྡུར་ལ་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནི་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཙོ་གཉེར་བྱས་ཤིང་། དེའི་དམིགས་ཡུལ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ལུས་རྩལ་བྱེད་སྒོར་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་བར་བྱེད་པ་དང་། ཆུ་རྐྱལ་སློབ་ཁྲིད་ཁྱབ་གདལ་གཏོང་བ། སློབ་མས་ཆུ་རྐྱལ་རྩལ་ནུས་ཁོང་དུ་ཆུད་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ། འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་འགྲན་བསྡུར་ལ་བརྟེན་ནས་འཇོན་ཐང་ཅན་གསོ་སྐྱོང་བྱེད་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་ཡིན་ཞིང་། འདི་ནི་ཆུ་རྐྱལ་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།