དབུ་ཤོག>པར་མཛོད།
  • བོད་ལྗོངས་ཀྱིས“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-17

    1806043_yis_1647446400000_s.jpg

    འདི་ནི་འབྲེལ་ཡོད་ལས་དོན་མི་སྣས་གྲོང་མིར་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཟབ་མོ་སྔར་བས་བཏོད་ནས་བདེ་འཇགས་དང་བློས་འགེལ་ཆོག་པའི་འཛད་སྤྱོད་ཁོར་ཡུག་གཏོད་ཆེད། ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་། རང་སྐྱོང་ལྗོངས་དཔལ་འབྱོར་ཆ་འཕྲིན་ཐིང་། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་སོགས་ཚན་པས“འཛད་སྤྱོད་གཞུང་དྲང་ལ་མཉམ་དུ་སྐུལ་འདེད་གཏོང་བའི”འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལོའི་བརྗོད་དོན་གཙོ་བོར་དམིགས་ནས་2022ལོའི“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

    ཚེས་15ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གཡུ་ཐོག་ལམ་དུ་སྤེལ་བ་དང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་མཉམ་འབྲེལ་གྲོས་ཚོགས་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་ཆེད་དོན་སྐུལ་འདེད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་27ཞུགས་ཡོད་པ་རེད། བྱེད་སྒོའི་ཐོག་འགྲེམས་པང་བཀྲམ་པ་དང་མང་ཚོགས་ལ་བོད་རྒྱ་ཤན་སྦྱར་གྱི་ཡིག་རིས་དཔྱད་ཡིག་སོགས་སྤྲད་ནས་མང་ཚོགས་ལ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་དང་ཚོང་ཟོག་རྫུན་མ་དབྱེ་འབྱེད་བྱེད་པའི་ཤེས་བྱ་སོགས་དྲིལ་བསྒྲགས་བྱས་པ་རེད། “ལས་དོན་མི་སྣས་དྲིལ་བསྒྲགས་བྱས་པ་བརྒྱུད་ངས་དྲ་ཕྱི་ནས་ཚོང་ཟོག་ཕྱིར་སློག་བྱེད་ཆོག་པ་ཤེས་བྱུང”ཞེས་ལྷ་སའི་གྲོང་མི་བྱང་ཆུབ་ཀྱིས་གསར་འགོད་པར་བཤད་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།