བོད་ལྗོངས་ཀྱིས་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་བའི་སྐོར་གྱི་མཐོང་ཐོས།
ཟླ་3ཚེས་14ཉིན་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ཁག་གིས་དཔྱིད་དུས་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོམ་གཞུང་དུ་བསྐྱོད་དེ་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་གཙང་སྦྲའི་བྱེད་སྒོར་ཞུགས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཟླ་3ཚེས་14ཉིན། རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་ཆེན་པོ་ས་མཐོའི་གང་སར་སྤེལ་ཞིང་། རང་སྐྱོང་ལྗོངས་ཀྱི་ཏང་སྲིད་ལས་ཁུངས་ཁག་དང་། ཁེ་ལས་དང་བྱ་གཞག་ཚན་པ། མི་དམངས་ཚོགས་པ་བཅས་ཀྱི་ལས་བྱེད་པ་དང་ལས་བཟོ་དང་། དཔུང་སྡེའི་དཔོན་དམག མི་རིགས་ཁག་གི་མང་ཚོགས་བཅས་ཀྱིས་མཉམ་དུ་ཁྲོམ་གཞུང་དང་སྲམ་ལམ་དུ་བསྐྱོད་དེ་རྒྱལ་གཅེས་འཕྲོད་བསྟེན་གྱི་གཙང་སྦྲ་ཆེན་པོའི་བྱེད་སྒོར་ཞུགས་པ་རེད།
ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོས་ཁྲོམ་གཞུང་དུ་བསྐྱོད་དེ་འཕྲོད་བསྟེན་གཙང་སྦྲའི་ལས་དོན་སྤེལ་ནས། གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་གྱི་ཁུག་ཀྱོག་ཚང་མ་གཙང་མ་བཟོ་བ་དང་། གྲོང་ཁུལ་གྱི་ཁོར་ཡུག་གཙང་སྦྲ་ཡག་ཏུ་གཏོང་བ། ལག་ལེན་དངོས་ལ་བརྟེན་ནས་མང་ཚོགས་ལ་བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དང་འཕྲོད་བསྟེན་བདེ་ཐང་གི་གོམས་གཤིས་དར་སྤེལ་གཏོང་བ་བཅས་བྱས་ནས། རྒྱལ་གཅེས་འཕྲོད་བསྟེན་ལ་མི་ཚང་མ་ཞུགས་པ་དང་བདེ་ཐང་གི་འཚོ་བ་མི་ཚང་མས་མཉམ་སྤྱོད་ཐུབ་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད།
རང་སྐྱོང་ལྗོངས་སྲིད་གྲོས་དང་། ལྷ་ས་གྲོང་ཁྱེར་སྲིད་གྲོས། ལས་ཁུངས་སུ་བཅའ་སྡོད་དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱིས་མཉམ་དུ་རྒྱལ་གཅེས་འཕྲོད་བསྟེན་གྱི“གྲོང་ཁྱེར་དང་གྲོང་གསེབ་ཏུ་གཙང་སྦྲ་བྱེད་པའི་ཉིན་མོའི”འཕྲོད་བསྟེན་གཙང་སྦྲའི་བྱེད་སྒོ་སྤེལ་ཞིང་། ཁྱོན་མི་50ལྷག་ཙམ་གྱིས་གླིང་སྐོར་བྱང་ལམ་དུ་འཕྲོད་བསྟེན་གཙང་སྦྲ་བཅོས་སྒྲིག་གི་ལས་དོན་སྤེལ་ནས་གད་སྙིགས་དང་ བརྡ་ཆ་ཆུང་གྲས་སོགས་གཙོ་གནད་གཙང་སེལ་བྱས་པ་རེད།
ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་དུ་འཕྲོད་བསྟེན་ས་ཁོངས་ཀྱི་གཙང་སྦྲའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་ཞིང་། བྱེད་སྒོ་སྤེལ་རིང་ཚང་མས་ཁྲོམ་གཞུང་དང་། སྲང་ལམ། གཞུང་ལམ་ལམ་རྒྱུད་སོགས་གཙོ་གནད་ས་ཁོངས་སུ་གཙང་སྦྲ་བྱས་ནས་ཁུག་ཀྱོག་ཚང་མ་གཙང་མ་བཟོས་པ་དང་། ས་འོག་ཆུ་འགྲོ་བཤངས་པ། གད་སྙིགས་དུས་ཐོག་ཏུ་གཙང་སེལ་བྱས་པས་ཁོར་ཡུག་གཙང་ཞིང་གྲལ་འགྲིག་པོ་རྒྱུན་འཁྱོངས་བྱས་ཡོད། དེ་དང་ཆབས་ཅིག ཤང(གྲོང་རྡལ)དང་། གྲོང་ལྷན། དགོན་སྡེ་བཅས་སྒྲིག་འཛུགས་སྐུལ་སློང་གིས་ཁོངས་གཏོགས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྙིགས་རོ་དང་། ཆུ་རྫིང་དང་ཆུ་ལམ་སོགས་སུ་འཕྱོ་བའི་གད་སྙིགས་གཙང་སེལ་དང་ཁོངས་གཏོགས་ཁུལ་གྱི་གཞུང་ལམ་ལམ་རྒྱུད་ལ་གཙང་སྦྲ་བྱས་པ་མ་ཟད། ཐོན་སྐྱེད་སླར་གསོ་དང་ལས་འགོ་བསྐྱར་ཚུགས་ཀྱི་ཚན་པར་སྒྲིག་འཛུགས་སྐུལ་སློང་གིས་ཨར་པོའི་གད་སྙིགས་དང་དེའི་ཉེ་འཁོར་གྱི་འཚོ་བའི་གད་སྙིགས་གཙང་སེལ་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་ནས་རྒྱལ་གཅེས་འཕྲོད་བསྟེན་གྱི་ལས་འགུལ་ཤེས་དཔལ་འཛུགས་གཏོད་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། རིམས་ནད་འགོག་བཅོས་བཅས་དང་ཟུང་འབྲེལ་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཡ་རབས་འཕྲོད་བསྟེན་གྱི་གོམས་གཤིས་གསོ་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་ཆེན་པོ་བརྟན་དུ་གཏོང་བ་བཅས་བྱས་ནས། བདེ་ཐང་དང་འཕྲོད་བསྟེན་གྱི་ཁོར་ཡུག་ཅིག་ཧུར་ཐག་བཏོད་ཡོད་པ་རེད།