དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་སའི་ལྷ་ཀླུ་འདམ་རའི་བདག་སྐྱོང་བར་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-08

    འདི་ནི་ལྷ་ཀླུ་འདམ་རའི་བདག་སྐྱོང་བས་སྐྱེ་དངོས་ཀྱི་རིགས་དབྱེ་སྟངས་དང་ལྟ་སྐུལ་ཚོད་འཛིན་དང་བཅོས་སྐྱོང་བྱེད་སྟངས་སོགས་གསོ་སྦྱོང་གི་ནང་དོན་སྦྱོང་བཞིན་པ།

    འདི་ནི་ལྷ་ཀླུ་འདམ་རའི་བདག་སྐྱོང་བས་སྐྱེ་དངོས་ཀྱི་རིགས་དབྱེ་བ་འབྱེད་བཞིན་པ།

    ཉིན་ཤས་གོང་། བོད་ལྗོངས་ལྷ་སའི་ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་འཐབ་ས་དང་པོའི་བདག་སྐྱོང་བ་30ལྷག་ཙམ་ལ་འདམ་རའི་རྩི་ཤིང་སྲུང་སྐྱོང་གི་ཆེད་དོན་གསོ་སྦྱོང་བྱས་པ་རེད། ལྷ་ཀླུ་འདམ་ར་ནི་རྒྱལ་ནང་གི་རྒྱ་ཁྱོན་ཆེ་ཤོས་ཀྱི་གྲོང་ཁྱེར་ནང་གི་སྐམ་སའི་དབུས་ཁུལ་གྱི་རང་བྱུང་འདམ་ར་ཞིག་ཡིན་པ་དང“ལྷ་སའི་གློ་བ”ཞེས་འབོད་ཀྱི་ཡོད། ད་ཐེངས་ཀྱི་གསོ་སྦྱོང་ནང་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ས་ཡུལ་དངོས་ཀྱི་དངོས་སྦྱོང་བྱེད་སྟངས་སྤྱད་དེ་འདམ་རའི་རྩི་ཤིང་དབྱེ་འབྱེད་དང་། ཕྱི་ནས་འཁྱེར་བའི་རྩི་ཤིང་ཞིབ་འབྱེད། སྔོ་ཁེབས་ལ་ལྟ་ཞིབ་ཚད་ལེན་དང་བཅོས་སྒྲིག གདོད་སྐྱེས་རྩི་ཤིང་གི་ས་བོན་འཚོལ་བསྡུ་དང་གསོ་སྐྱོང་སོགས་ཀྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་ནས་འདམ་ར་བདག་སྐྱོང་བའི་ཆེད་ལས་ཅན་གྱི་ནུས་པ་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།