དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • 2026ལོའི་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྒྱུར་ལས་སྒོའི་འཇོན་ཐང་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-31

    ཉེ་ཆར། 2026ལོའི་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྒྱུར་ལས་སྒོའི་འཇོན་ཐང་ཆེར་གཏོང་གི་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)ཁག་གི་རིག་གནས་དང་ཡུལ་སྐོར་གྱི་ཁྲིམས་སྒྱུར་འཐབ་ས་དང་པོའི་མི་སྣ་100ཙམ་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་སློབ་ཚན་ཁྲིམས་སྒྱུར་གྱི་དངོས་འཐབ་དགོས་མཁོར་གཞི་ཚུགས་ཏེ་རིག་གནས་དང་། ཡུལ་སྐོར། དཔེ་སྐྲུན་དངོས་པོ། རིག་དངོས་བཅས་གཙོ་གནད་ཁྲོམ་རའི་ཁྱབ་ཁོངས་ཆེན་པོ་བཞིར་དམིགས་ནས། ཁྲིམས་སྒྱུར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་དང་། གྱོད་སྒྲུབ་བརྒྱུད་རིམ། ཁྲིམས་སྒྱུར་ཚད་གཞི། ལས་ཀའི་ཚད་གཞི་བཅས་ལ་འགྲེལ་བཤད་བརྒྱབ་པ་དང་། དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་ཁྲིམས་སྒྱུར་གྱི་དཀའ་གནད་དང་འགག་ས་བསལ་བ། ས་ཁོངས་མཐུན་སྦྱོར་མཉམ་འགུལ་དང་ཆ་འཕྲིན་མཉམ་སྤྱོད་སོགས་ཀྱི་ཆེད་དོན་སློབ་ཚན་བཀོད་སྒྲིག་བྱས་ཡོད། དེའི་དམིགས་ཡུལ་ནི་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ། སྒྲིག་ཁྲིམས་ནན་པ་བཅས་ཀྱི་རིག་གནས་དང་ཡུལ་སྐོར་གྱི་ཁྲིམས་སྒྱུར་དཔུང་ཁག་ཅིག་ཞུན་བརྡར་བྱས་ཏེ། ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བརྟན་པོ་བྱ་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།