དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>ཁོར་ཡུག་སྲུང་སྐྱོང་།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    ལྗང་མདོག་ཚད་འཇལ་ལ་བརྟེན་ནས་ས་མཐོའི་སྐྱེ་ཁམས་འཛུགས་སྐྱོང་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-23

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྗང་མདོག་ཚད་འཇལ་ལས་དོན་དམ་འཛིན་བྱ་གཞིར་བྱས་ཏེ། གཞི་རིམ་གྱི་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པར་འབྲེལ་མཐུད་གནད་སྨིན་བྱེད་པ་སོགས་ཀྱི་དངོས་སྒྲུབ་བྱ་ཐབས་མང་པོ་བརྒྱུད། འབེན་དམིགས་ཤུགས་འདོན་དང་གནད་སྨིན་ཇུས་བསྟར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བརྟན་པོ་བཏང་ནས“ཐཱན་གཉིས”ལས་དོན་དོན་འཁྱོལ་ཞིབ་ཚགས་དང་དེར་ཕན་འབྲས་ཐོན་པར་བྱས་པ་རེད།

    ཐོན་ལས་ཀྱི་ལྗང་མདོག་སྤུས་འབྲས་ལེགས་གཉེར་ལ་དམིགས་ནས་ཅུས་དེས་2026ལོའི་ལོ་འཁོར་གྱི་ཁེ་ལས་ཀྱི་ལྗང་མདོག་ཐཱན་ཉུང་བདེན་དཔང་ར་སྤྲོད་ཀྱི་ཆེད་དོན་རོགས་སྐྱོར་ལས་དོན་ཏན་ཏིག་སྤེལ་བ་རེད། ནུས་རྒྱུ་ཟད་གྲོན་ཆེ་བ་དང་། འཛུགས་སྐྲུན་རྒྱུ་ཆ་ཐོན་སྐྱེད། ས་མཐོའི་ཁྱད་ལྡན་ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁེ་ལས་ལ་གནད་སྨིན་དམིགས་ཏེ། ཕྱོགས་གསུམ་པའི་ལུགས་མཐུན་ཁས་ལེན་སྒྲིག་གཞི་དང་མཉམ་འགུལ་དང་། རང་འགུལ་ངང་ཁེ་ལས་ཀྱི་འཐབ་ས་དང་པོར་སྐྱོད་པ། སྒོ་རྩར་བཅར་འདྲི་དང་གཅིག་གཏད་གཅིག་གི་རོགས་སྐྱོར་བྱེད་སྟངས་སྤྱོད་པ་བཅས་བྱས་ཏེ་སྲིད་ཇུས་གསལ་འགྲེལ་དང་། ཐཱན་གྱི་རྗེས་ཤུལ་རེ་ཞུ་མཛུབ་ཁྲིད། ཐཱན་ཉུང་ནུས་པ་སྐྱེད་སྲིང་། རྩིས་ཁྲ་ཚད་ལྡན་ལེགས་སྒྲིག་སོགས་ཞིབ་ཚགས་ཅན་གྱི་ཞབས་ཞུ་ཕྱོགས་ཡོངས་ནས་སྤེལ་བ་དང་། ཁེ་ལས་ལ་ལྗང་མདོག་ཐོན་སྐྱེད་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་མཛུབ་ཁྲིད་བྱེད་པ། ཁེ་ལས་ལ་རྒྱལ་ཁབ་རིམ་པའི་ལྗང་མདོག་ཐཱན་ཉུང་བདེན་དཔང་ར་སྤྲོད་རེ་ཞུ་བྱེད་རོགས་བཅས་བྱས་ཡོད།

    མིག་སྔའི་བར་ཅུས་དེས་ཁོངས་གཏོགས་ཁུལ་གྱི་ཨར་འདམ་དང་། འཛུགས་སྐྲུན་རྒྱུ་ཆ། རིག་གནས་ཡུལ་སྐོར་བཅས་གཙོ་གནད་ཁེ་ལས་10ཡི་ཐཱན་གྱི་རྗེས་ཤུལ་ཞིབ་བཤེར་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ། ནུས་རྒྱུ་ཟད་གྲོན་གྱི་ཁུངས་འདེད་དང་། གྲངས་གཞི་ཞིབ་རྩིས། ས་ཡུལ་དངོས་སུ་ཞིབ་བཤེར་སོགས་གཙོ་གནད་ལས་འགན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།