བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལུང་སྐོར་བའི་འདུ་འཛོམས་ཤིག
རེས་སྐོར་དགུ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་ཉིན་དང་པོའི་མཐོང་ཐོས།

འདི་ནི་ཡུལ་སྐོར་བས་བོད་ཆས་གྱོན་ནས་བར་སྐོར་ནང་དྲན་རྟེན་པར་རྒྱག་བཞིན་པ།

འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་བར་སྐོར་ནང་ཡུལ་སྐོར་བྱེད་བཞིན་པ།
ཟླ་10ཚེས་15ཉིན། རེས་སྐོར་དགུ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་དངོས་སུ་འགོ་ཚུགས་ཤིང་། རང་བྱུང་མཛེས་ལྗོངས་ནས་གྲོང་ཁྱེར་དུ་འཆམ་འཆམ་བྱེད་པ་དང་། པར་རྒྱག་པ་ནས་ཞིམ་མངར་རོ་བཅུད་ལྡན་པའི་ཞིམ་ཟས་བར་དུ་བློ་བདེ་བག་ཕེབས་ངང་མྱོང་རོལ་བྱེད་བཞིན་ཡོད་ཅིང་། བོད་ཀྱི་དགུན་དུས་ལ་ཐུན་མོང་མ་ཡིན་པའི་འཚོ་བའི་ཉམས་སྣང་ཟབ་མོས་ཁེངས་ཡོད།
ཧྲང་ཧའེ་ནས་ཡོང་བའི་གཞོན་ནུ་མ་དབྱང་ལགས་དང་ནན་ཅིང་གི་གཞོན་ནུ་མ་ཅི་ལགས་མཉམ་དུ“འཛམ་གླིང་ཡང་རྩེའི་མུ་ཏིག”ཅེས་གྲགས་པའི་ཕོ་བྲང་པོ་ཏ་ལར་སླེབས་པ་དང་། དེ་ནས་བྱང་ཕྱོགས་སུ་རྐང་ཐང་མར་རྫོང་རྒྱབ་ཀླུ་ཁང་དུ་བསྐྱོད་པ་རེད། ཁོང་གཉིས་ཀྱིས། རྒྱལ་སྟོན་གུང་གསེང་རིང་མི་ཚོགས་སྟུག་པའི་དུས་ལས་གཡོལ་བ་མ་ཟད། དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་བྱེད་སྒོའི་རྗེས་ཟིན་ཐུབ་པ་ནི་བསོད་བདེ་བསོད་ནམས་ཞིག་རང་རེད། “འདི་གར་ང་ཚོས་སྒོར་གཞས་འཁྲབ་པ་མ་ཟད། ཆུའི་ནང་དུ་འཕུར་ལྡིང་བྱེད་པའི་ཆུ་བྱ་སྣ་ཚོགས་ལ་ཡང་མྱོང་རོལ་བྱེད་ཐུབ། ལམ་ཐིག་འདི་ཕུན་སུམ་ཚོགས་ལ་སྤྲོ་སྐྱིད་ལྡན་པ་ཞིག་རེད”ཅེས་གསར་འགོད་པར་བརྗོད་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན། རེས་སྐོར་དགུ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོའི་དུས་ཚོད་ནི་2026ལོའི་ཟླ་10ཚེས་15ཉིན་ནས་2027ལོའི་ཟླ་3ཚེས་15ཉིན་བར་ཡིན་པ་དང་། དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད་དེ་བྱིངས་ལྗོངས་ཡོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མར་སྤ་སེ་ཉོ་མི་དགོས་ལ་དེའི་ནང་གནམ་མཚོ་དང་། ཡར་འབྲོག་གཡུ་མཚོ། བྲག་གསུམ་མཚོ་སོགས་མི་མང་པོས་དགའ་པོ་བྱེད་པའི་མཛེས་ལྗོངས་ཁུལ་ཡང་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།