གླ་རྩི་ཁའི་བྲག་ངོས་སུ་བརྐོས་པའི་གསར་བརྗེའི་དད་སེམས།

གླ་རྩི་ཁ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་ཁོངས་སུ་གནས་པ་དང་། དེ་གར་བྲག་རི་གཡང་གཟར་ཧ་ཅང་མང་པོ་ཡོད། སྐབས་དེ་དུས་དམར་དམག་གི་འཐབ་འཛིང་པ་ཚོས་ཁྲག་བཏོན་དམར་འཛིང་བྱས་ནས་གཡང་གཟར་དེར་འཛེགས་ཏེ་དཀའ་ཉེན་ལས་རྣམ་པར་རྒྱལ་ཡོད། ད་ཆ་གླ་རྩི་ཁའི་རི་ཀླུང་ཀུན་ཏུ་སྔོ་ལྗང་ལྗོན་ཤིང་གིས་བཀླུབས་ནས་མི་རྣམས་ཀྱིས་རྒྱང་སྐྱོད་ཀྱི་རྗེས་ཤུལ་འཚོལ་སྙེག་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་གསར་བརྗེའི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད།
འདི་ནི་ཉེ་ཆར་མི་རྣམས་ཀྱིས་གླ་རྩི་ཁའི་གཡུལ་འགྱེད་ཀྱི་གནས་ཡུལ་རྙིང་པར་ལྟ་སྐོར་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།