ཉིང་ཁྲི་གྲོང་ཁྱེར་གྱིས་རང་བྱུང་ཐོན་ཁུངས་ལ་བཅོས་སྐྱོང་བྱེད་སྟངས་ཆེན་པོ་གསུམ་བཏོད་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རང་བྱུང་ཐོན་ཁུངས་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བར་དམིགས་ནས“གྲངས་འཛིན་གྱི་མཐུན་རྐྱེན་སྦྱོར་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན། རྒྱུ་ནོར་དོ་དམ”བཅས་བྱེད་སྟངས་ཆེན་པོ་གསུམ་འཚོལ་ཞིབ་བྱས་ནས་བཏོད་ཡོད། དེའི་ནང“གངས་ལྗོངས་རྒོད་མིག”གི་མི་མེད་གནམ་གྲུའི་རིག་ནུས་ཤེས་ཚོར་མ་ལག་དེ་སྟོང་སྨི་ངོས་གྲུ་103.34ལ་ཁྱབ་པའི་གྲོང་ཁྱེར་རིམ་པའི་དངོས་ལྗོངས་ཀྱི་རྩ་གསུམ་གྲུབ་འབྲས་བཏོད་ཟིན་པ་དང་། རྫོང(གྲོང་ཁྱེར་དང་ཆུས)7གྱི་གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་འབྲེལ་མཚམས་དང་གཙོ་གནད་གྲོང་རྡལ་དང་དེ་བཞིན་མཛེས་ལྗོངས་ཁུལ་གྱི་ལྟེ་བའི་ཁུལ་དུ་འགུལ་རྣམ་ལྟ་ཞིབ་ཚད་ལེན་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།
ཉིང་ཁྲི་གྲོང་ཁྱེར་གྱིས་ལྗོངས་རྣམ་རྩ་གསུམ་གྱི་གྲུབ་འབྲས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་། རྨོ་ཞིང་སྲུང་སྐྱོང་། སྐྱེ་ཁམས་ལྟ་འདོམས། གནོད་འཚེ་འགོག་བཅོས། རིག་ལྡན་རིག་གནས་ཡུལ་སྐོར་སོགས་ཀྱི་ལས་སྒོའི་ཁྱབ་ཁོངས་སུ་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། རབ་གསལ་པར་རིས་དང་དམར་ཕྱིའི་བརྙན་ཤེལ་སོགས་སྣ་མང་ཤེས་ཚོར་སྒྲིག་ཆས་བསྒར་བ། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་མཉམ་འགུལ་དོ་དམ་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ། “མཁའ་དབྱིངས་དང་། བར་སྣང་། ས་གཞི”བཅས་གཞི་གཅིག་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་རྣམ་པ་ཆགས་པར་བྱས་ཡོད། ཁྲིམས་འགལ་གྱི་འཛུགས་སྐྲུན་ལ་དོ་དམ་ཚོད་འཛིན་དང་། གསོག་ཉར་ས་ཞིང་ལ་སྐོར་ཞིབ། རྨོ་ཞིང་དང་སྐྱེ་ཁམས་ཀྱི་དམར་ཐིག་ལ་ཞིབ་བཤེར་སོགས་ཀྱི་ལས་སྒོ་སྤེལ་བར་གྲངས་གཞིའི་འདེགས་སྐྱོར་གནད་སྨིན་ཐུབ་ཡོད་པ་རེད།
ད་ལོའི་ཟླ་གསུམ་པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་གཙོ་གནད་རྣམ་གྲངས་27ཚང་མ་འཆར་འགོད་ཚད་ལྡན་ཐུབ་ནས་རིམ་རྩིས་བརྒྱབ་ན་ཆོག་མཆན་ཐོབ་པའི་འཛུགས་སྐྲུན་ས་ཆ་སྤྱི་ཆིང་15.87ཟིན་ཡོད། དེ་དང་ཆབས་ཅིག རྣམ་གྲངས་མཛོད་འཇུག་དང་། གསར་བརྗེས། ཞིབ་རྩིས་བརྒྱབ་ནས་ཕྱིར་སློག་པ་བཅས་ཀྱི་འགུལ་རྣམ་དོ་དམ་ལམ་སྲོལ་བཙུགས་ཏེ། ཡུན་རིང་རང་སོར་ལུས་པའི་རྣམ་གྲངས་དུས་ཐོག་ཏུ་གཙང་བཤེར་བྱས་ནས་བེད་མེད་དུ་བཞག་པའི་ས་ཆ་སྤྱོད་གང་ཐུབ་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།