དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཉིང་ཁྲི་གྲོང་ཁྱེར་གྱིས་འཁྱགས་རོམ་སྲུང་སྐྱོང་མ་དཔེ་ནུས་ཤུགས་ཡོད་རྒུས་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-07

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་གྱི་དམིགས་ཚད་ལ་གཞིགས་པ་དང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་འགག་རྩའི་ས་བབ་ལ་གཞི་ཚུགས་ཏེ།“གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའང་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ཞིང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་དང་། འབྱུང་རྩ་ནས་དོ་དམ་ཚོད་འཛིན། དམངས་ཡོངས་ཀྱིས་མཉམ་དུ་བཅོས་སྐྱོང་བཅས་བྱེད་པར་སྤྱི་འདོམས་བྱས་ཏེ། འཁྱགས་རོམ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས་ས་མཐོའི་འཁྱགས་རོམ་སྲུང་སྐྱོང་གི་ཉིང་ཁྲིའི་མ་དཔེ་ནུས་ཤུགས་ཡོད་རྒུས་བཏོད་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་ཁང་དང་ལན་ཀྲོའུ་སློབ་ཆེན་སོགས་དང་མཉམ་དུ་འཁྱགས་རོམ་ཐོན་ཁུངས་ཀྱི་གཞི་རྩར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་འཁྱགས་རོམ་ཐོན་ཁུངས་73གྱི་གཞི་གྲངས་མཐིལ་རྟོགས་བྱས་པ་དང་རིམ་པ་དང་པོའི་འཁྱགས་རོམ་7དང་། རིམ་པ་གཉིས་པའི་འཁྱགས་རོམ་40 སྤྱིར་བཏང་གི་འཁྱགས་རོམ་26བཅས་ལེགས་སྒྲིག་བྱས་པ་དང་འབྲེལ། འབྲེལ་ཡོད་གྲུབ་འབྲས་ཀྱང་རང་སྐྱོང་ལྗོངས་འཁྱགས་རོམ་སྲུང་སྐྱོང་མིང་གཞུང་ནང་དུའང་བཅུག་ཡོད། ཉིང་ཁྲི་གྲོང་ཁྱེར་གྱིས་འཁྱགས་རོམ་ལྟ་ཞིབ་ཚད་ལེན་ས་ཚིགས་12དང་ས་གཤིས་གནོད་འཚེ་རིག་ནུས་སྔོན་བརྡ་གཏོང་གནས་3བཙུགས་པའི་ཁར། རྒྱང་ཚོར་ལག་རྩལ་ལ་བརྟེན་ནས་གནམ་ལྕགས་འབར་བ་སོགས་གཙོ་གནད་འཁྱགས་རོམ་20ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱས་ཏེ། འཁྱགས་རོམ་གྱི་འགྱུར་ལྡོག་དང་མཐའ་འཁོར་གྱི་མིའི་རིགས་ཀྱི་བྱེད་སྒོའི་གནས་ཚུལ་ཁོང་དུ་གསལ་པོ་ཆུད་པར་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་གྱིས་ས་ཁོངས་དང་སྡེ་ཚན་གྱི་བཀག་རྒྱ་གཏོར་ནས་ས་ཁོངས་སྒྲོལ་བའི་མཉམ་འབྲེལ་སྐོར་ཞིབ་དང་། མཉམ་འབྲེལ་ཁྲིམས་འཛིན། ཆ་འཕྲིན་མཉམ་སྤྱོད་བཅས་ཀྱི་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ། རྒྱུག་ཁུལ་གྱི་འཁྱགས་རོམ་གཞི་གཅིག་ཅན་གྱི་མ་ལག་ལ་སྲུང་སྐྱོང་བྱས་ཤིང་། གཞི་རིམ་གྱི་དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་འཁྱགས་རོམ་སྲུང་སྐྱོང་དེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་སྟེ་ནགས་སྲུང་པ་དང་། གཙང་པོ་དང་མཚོ་མོ་དོ་དམ་སྲུང་སྐྱོང་པ། མཐའ་མཚམས་སྲུང་སྐྱོང་པ་བཅས་ཀྱི་དཔུང་ཁག་བསྡུ་སྒྲིལ་བྱས་ཏེ་རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་སྤེལ་བ་དང་། ཞིང་འབྲོག་མང་ཚོགས་དང་། མཛེས་ལྗོངས་ཁུལ་གྱི་ལས་དོན་པ། ས་གནས་དེ་གའི་ཚོང་དུད་བཅས་ལ་ཁོར་ཡུག་བཅོས་སྒྲིག་དང་། གད་སྙིགས་དབོར་འདྲེན། ཡུལ་སྐོར་བར་ཁ་ཏ་སློབ་སྟོན་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ། འཁྱགས་རོམ་སྲུང་སྐྱོང་དེ་སྲིད་གཞུང་གཅིག་པུས་བྱེད་པ་ནས་དམངས་ཡོངས་མཉམ་དུ་ཞུགས་པའི་བར་དུ་སྐུལ་འདེད་བཏང་བ། མང་ཚོགས་ཀྱི་འཁྱགས་རོམ་སྲུང་སྐྱོང་གི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་བས། གངས་རི་ར་བས་སྐོར་བའི་གངས་ལྗོངས་ལ་སྲུང་སྐྱོང་བྱ་རྒྱུ་དེ་དམངས་ཡོངས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ད་ཆ་ས་མཐོའི་དོན་དངོས་དང་འཚམ་ལ་ཉིང་ཁྲིའི་ཁྱད་ཆོས་ཀྱང་ལྡན་པའི་འཁྱགས་རོམ་སྲུང་སྐྱོང་བྱེད་སྟངས་ཆ་ཚང་ཞིག་ཡོད་པ་དེ་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།