ས་མཐོའི་སྐྱེ་ཁམས་བཟང་པོར་སྐུ་མགྲོན་བུང་བའི་ཚོགས་བཞིན་འཁོར།

འདི་ནི་ཡུལ་སྐོར་བས་གསའ་ཕུ་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱི་ཤིང་ཟམ་ཐོག་དྲན་རྟེན་པར་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གིས་གསའ་ཕུ་འཁྱགས་རོམ་གྱི་ཁྱད་དུ་འཕགས་པའི་རང་བྱུང་ཡུལ་ལྗོངས་ལ་བརྟེན་ནས། སྐྱེ་ཁམས་སྔོན་དུ་འཇོག་པ་དང་སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་འདུ་ཤེས་མཐའ་འཁྱོངས་ཀྱིས་འཁྱགས་རོམ་དང་། རྩྭ་ར། ཆུ་བོ་དང་མཚོ་བཅས་ལ་བདག་སྐྱོང་ཡག་པོ་བྱས་པ་རེད། ས་མཐོའི་གདོད་མའི་རང་བྱུང་རྣམ་པར་སྲུང་སྐྱོང་བྱེད་ཞོར་ཡུལ་སྐོར་གྱི་རྨང་གཞིའི་ལྷན་སྦྱར་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་དང་གསའ་ཕུ་འཁྱགས་རོམ་གྱི་སྙན་གྲགས་རྒྱུན་མཐུད་ཆེ་རུ་བཏང་སྟེ། ས་ཕྱོགས་ཁག་གི་ཡུལ་སྐོར་བ་ལྟ་སྐོར་དང་པར་རྒྱག་པར་ཡོང་བའི་ཡིད་དབང་བཀུག་པས་ཡུལ་སྐོར་ལ་བརྟེན་ནས་མཐའ་འཁོར་གྱི་ཞིང་འབྲོག་པར་ཡོང་འབབ་མང་དུ་ཕྱིན་པ་དང་། ད་ཆ་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་ཡུལ་སྐོར་འཕེལ་རྒྱས། མང་ཚོགས་འབབ་འཕར་ཕྱུག་འགྱུར་བཅས་ཀྱི་གྲོང་གསེབ་དར་རྒྱས་གྱི་ལམ་བུར་སྐྱོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།