དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • 2026ལོའི་ཟླ་10ཚེས་15ཉིན་ནས་2027ལོའི་ཟླ་3ཚེས་15ཉིན་བར་ཡིན་པ།

    རེས་སྐོར་དགུ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་བྱེད་སྒོ་སྤེལ་ཉེར་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-05

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། རེས་སྐོར་དགུ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་བྱེད་སྒོ་སྤེལ་ཉེར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིཌ་ན། རེས་སྐོར་དགུ་པའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་བྱེད་སྒོ་སྤེལ་བའི་དུས་ཚོད་ནི་2026ལོའི་ཟླ་10ཚེས་15ཉིན་ནས་2027ལོའི་ཟླ་3ཚེས་15ཉིན་བར་ཡིན་ཞིང་། དགོན་སྡེ་ཁག་གི་མཛེས་ལྗོངས་ཁུལ་ཕུད། ལྗོངས་ཡོངས་ཀྱི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཏེ། གནམ་མཚོ་དང་། ཡར་འབྲོག་གཡུ་མཚོ། བྲག་གསུམ་མཚོ་སོགས་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་མཛེས་ལྗོངས་ཁུལ་ཚང་མར་སྤ་སེ་ཉོ་དགོས་ཀྱི་མེད། འབྲེལ་ཡོད་མཛེས་ལྗོངས་ཁུལ་གྱི་སྒོ་ཕྱེ་བའི་དུས་ཚོད་དང་སྔོན་མངགས་སྒྲིག་སྲོལ་ཞིབ་ཕྲ་མཛེས་ལྗོངས་ཁུལ་ཁག་གི་གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལ་གཞི་འཛིན་དགོས། དེ་དང་ཆབས་ཅིག ཡུལ་སྐོར་གྱི་ཁྲིམས་མཐུན་ཐོབ་ཐང་ལྡན་པའི་སྐྱེལ་འདྲེན་ཁེ་ལས་ཀྱི་འགྲུལ་སྐྱེལ་རིན་གོང་དེ་ཡུལ་སྐོར་བ་མང་བའི་དུས་ཀྱི་རིན་གོང་གི་50%མན་ཆད་ལ་ཚོད་འཛིན་བྱེད་པ་དང་སྦྲགས་ཡུལ་སྐོར་བ་དཀོན་པའི་དུས་ཀྱི་རིན་གོང་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། རླངས་འཁོར་ཆེ་གྲས(རྐུབ་སྟེགས་23ནས་29བར)སྤྱི་ལེ་རེར་སྒོར་6ལས་མི་བརྒལ་བ་དང་། རླངས་འཁོར་འབྲིང་གྲས(རྐུབ་སྟེགས་8ནས་22བར)སྤྱི་ལེ་རེར་སྒོར་4ལས་མི་བརྒལ་བ། རླངས་འཁོར་ཆུང་གྲས(རྐུབ་སྟེགས་5ནས་7བར)སྤྱི་ལེ་རེར་སྒོར་3.5ལས་མི་བརྒལ་བ་བཅས་རེད།

    ལོ་གཅིག་དུས་གཅིག་གི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་བྱེད་སྒོ་སྤེལ་ཉེར་ཡོད་པས། སྔོན་ཚུད་ནས་འགྲོ་ལམ་བཀོད་སྒྲིག་བྱས་ཏེ་བོད་ཁོ་ནར་དབང་བའི་དགུན་དུས་ཀྱི་འདུ་འཛོམས་དེར་ཞུགས་པར་ཕེབས་རྒྱུར་བསུ་བ་ཞུ་གི་ཡིན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།