གཞིས་རྩེ་གྲོང་ཁྱེར་གྱིས་ལོ་བཅུའི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ཁྱབ་བསྒྲགས་བྱས་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དགུ་པའི་སྐབས་སུ་གཉེར་བའི་གཞིས་རྩེ་གྲོང་ཁྱེར་གྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་འདུའི་ཐོག གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད(2025ལོ་ནས་2035ལོ་བར)》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་2026ལོར་སླེབས་སྐབས་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་25ཟིན་པར་བྱས་ནས། “ཇོ་མོའི་གླང་མ་རིག་གནས་ཡུལ་སྐོར་ཁུལ”གྱི་སྒྲོམ་གཞི་རགས་ཙམ་ཆགས་པའི་བརྩོན་ལེན་བྱ་རྒྱུ་དང་། 2030ལོར་སླེབས་སྐབས་རྒྱལ་ནང་གི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་འགྲོ་སོང་བསྡོམས་འབོར་ལོ་རེར་ཆ་སྙོམས་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་གྲངས་འབོར་ལས་བརྒལ་བའི་བརྩོན་ལེན་བྱ་རྒྱུ། 2035ལོར་སླེབས་སྐབས་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60ཟིན་པར་བྱས་ནས་ལྗོངས་ཡོངས་སུ་ཤུགས་རྐྱེན་གལ་ཆེན་ལྡན་པའི་རིག་གནས་སྟོབས་ཆེའི་གྲོང་ཁྱེར་དང་ཡུལ་སྐོར་སྟོབས་ཆེའི་གྲོང་ཁྱེར་སྐྲུན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་བཅས་འཁོད་ཡོད།
《འཆར་འགོད》ནང་། རིག་གནས་ཡུལ་སྐོར་ཐོན་ལས་དེ་མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་གྱི་ཀ་རྟེན། ལྗང་མདོག་སྐྱེ་ཁམས། མཐའ་བརྟན་མཐའ་དར་བཅས་ཀྱི་དམངས་ཕྱུག་ཐོན་ལས་སུ་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། ཇོ་མོ་གླང་མ་ལྟེ་བར་བྱེད་པ་དང་། བསམ་གྲུབ་རྩེ་ཆུས་དང་། རྒྱལ་རྩེ་གྲགས་ཅན་གྲོང་ཁྱེར། ས་སྐྱ་གྲགས་ཅན་གྲོང་རྡལ་བཅས་ཀྱིས་འདེགས་སྐྱོར་དུ་བྱ་རྒྱུའི་གཏན་འཁེལ་བྱེད་པ། ཡུལ་སྐོར་རྒྱུད་ཆེན་བཞི་དང་མཉམ་འགུལ་ཉིང་ལག་ལམ་ཐིག་བདུན་གྱི“རི་བོ་གཅིག་དང་། གྲོང་གསུམ། རྒྱུད་བཞི། ཉིང་ལག་ལམ་ཐིག་བདུན”བཅས་ཀྱི་ས་ཁོངས་ཧྲིལ་པོའི་བར་མཐོངས་བཀོད་པ་གཏོད་པ་བཅས་བྱས་ནས། ལྟེ་བས་སྣེ་ཁྲིད་དང་ཁྱབ་ཁོངས་ཡོངས་སུ་ཁྱབ་པའི་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་པ་བྱ་རྒྱུ་ཡིན་ཞེས་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།