ལྷ་ས་གྲོང་ཁྱེར་གྱི་སྙིགས་རོའི་གདུབ་ཟུམ་དོ་དམ་གྱི་ཕན་འབྲས་མངོན་གསལ་དོད་པ།
ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་2025ལོའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྷ་ས་གྲོང་ཁྱེར་གྱི་ས་རྒྱུའི་ཁོར་ཡུག་བཅོས་སྐྱོང་དང་སྙིགས་རོ་དོ་དམ་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
2025ལོར། ལྷ་ས་གྲོང་ཁྱེར་གྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བདེ་འཇགས་དང་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་། ས་རྒྱུའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་སྦགས་བཙོག་དངོས་པོའི་གར་ཚད་རྒྱལ་ཁབ་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་གྱི་ཚད་གཞི་ལས་དམའ་བ་ཡོད་པ། འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆའི་བདེ་འཇགས་ལ་འགན་ལེན་ནུས་ལྡན་ཐུབ་པ་བཅས་བྱུང་ཡོད། ས་རྒྱུ་དང་སྙིགས་རོར་གདུབ་ཟུམ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་58ཀྱི་ས་རྒྱུའི་སྦགས་བཙོག་གནས་ཚུལ་གྱི་བརྟག་དཔྱད་སྙན་ཞུར་ལག་རྩལ་ཞིབ་བཤེར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་སྡོད་གནས་བདེ་འཇགས་ལ་འབྱུང་རྩ་ནས་འགན་སྲུང་བྱས་པ་དང་། གཏེར་སྙིགས་གསོག་མཛོད་29ཡི་སྦགས་བཙོག་གི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཚན་པ་45ཡི་ཉེན་ཡོད་ཟོག་རོ་ཚད་ལྡན་ཅན་གྱི་ཁོར་ཡུག་དོ་དམ་ཚོད་སྐོར་བྱས་ནས་ཁོར་ཡུག་གི་ཉེན་ཁར་དོགས་ཟོན་ཏན་ཏིག་བྱས་པ། སྙིགས་རོ་དང་ཉེན་ཡོད་ཟོག་རོའི་དོ་དམ་ཚོད་འཛིན་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ས་མཐོའི“སྙིགས་མེད་གྲོང་ཁྱེར”བསྐྲུན་པར་འགན་ལེན་བརྟན་པོ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།