བོད་ལྗོངས་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་འགོ་ཚུགས་པ།

འདི་ནི་འཁྲབ་སྟོན་པས་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་རྒྱུག་ཕྲུག་གིས་གདན་ཞུའི་འགྲན་བསྡུར་སྨི་10000ར་བའི་ནང་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་པ།
ཟླ་8ཚེས་10ཉིན། 2026ལོའི་བོད་ལྗོངས་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་ནག་ཆུའི་གེ་སར་རྟ་རྒྱུག་ཐང་དུ་འཚོགས་ཤིང་། 2021ལོར་ནག་ཆུ་གྲོང་ཁྱེར་གྱི“འཆར་ཅན་རྟ་རྒྱུག་འདུ་ཚོགས”དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་པ་རེད། ད་ཆ་ནག་ཆུའི་འཆར་ཅན་རྟ་རྒྱུག་དུས་ཆེན་དེ་སྲོལ་རྒྱུན་གྱི་རྩལ་འགྲན་བྱེད་སྒོ་རྐྱང་པ་ཞིག་ནས། ལུས་རྩལ་འགྲན་བསྡུར་དང་། རིག་རྩལ་འགྲེམས་འཁྲབ། ཡུལ་སྐོར་འོས་སྦྱོར། ཐོན་རྫས་འགྲེམས་ཚོང་། ཐོན་ལས་མཉམ་ལས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།