བོད་ཀྱི་རིག་དངོས་ཀྱི་གནའ་བོའི་ཨར་སྐྲུན་རྩ་ཆེའི་རིག་ལྡན་རིག་གནས་ཡུལ་སྐོར་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།
ཉེ་ཆར། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས“བོད་ཀྱི་རིག་དངོས་ཀྱི་གནའ་བོའི་ཨར་སྐྲུན་རྩ་ཆེའི་རིག་ལྡན་རིག་གནས་ཡུལ་སྐོར་གྱི་འགག་རྩའི་ལག་རྩལ་དང་བཀོལ་སྤྱོད་དཔེ་སྟོན་ཞིབ་འཇུག”གི་འགོ་ཚུགས་ཚོགས་འདུ་ལྷ་སར་འཚོགས་པ་དེ་ཐོག་ནས་རྣམ་གྲངས་ལག་བསྟར་གྱི་དུས་མཚམས་སུ་སླེབས་པ་མཚོན་ཞིང་། རྣམ་གྲངས་དེའི་དམིགས་ཡུལ་ནི་གྲངས་འཛིན་ལག་རྩལ་དང་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོང་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། བོད་ཀྱི་རིག་དངོས་ཀྱི་གནའ་བོའི་ཨར་སྐྲུན་སྲུང་སྐྱོང་དང་རིག་ལྡན་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
ཕོ་བྲང་པོ་ཏ་ལ་སོགས་རིག་དངོས་ཀྱི་གནའ་བོའི་ཨར་སྐྲུན་གྱི་ལྗོངས་རྣམ་གཙོ་གནད་དུ་བྱས་ཏེ། རྣམ་གྲངས་དེས་ཁྱབ་ཆེ་དང་། རབ་གསལ། སྐྱེ་འགྲེ་བཅས་ཀྱི་རྒོད་མིག་རིག་ནུས་ཀྱི་རིག་གནས་ཡུལ་སྐོར་གྱི་ལྟ་ཞིབ་ཚད་ལེན་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། ཁུངས་མང་གཞན་གྲུབ་ཀྱི་རིག་གནས་ཡུལ་སྐོར་གྱི་གྲངས་གཞི་མཉམ་འདྲེས་དང་རིག་ནུས་དབྱེ་ཞིབ་ལས་སྟེགས་སྐྲུན་པ། རྩ་གསུམ་བསྐྱར་འཛུགས་དང་གྲངས་འཛིན་མཚེ་མའི་ལག་རྩལ་ཞིབ་འཇུག་བཅས་བྱེད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།