པར་རིས་གསར་འགྱུར།

ལང་ཡ་རི་བོ་ནི་ཨན་ཧུའེ་ཁྲུའུ་ཀྲོའུ་གྲོང་ཁྱེར་གྱི་ལྷོ་ནུབ་ཏུ་གནས་པ་དང་། སྙན་ངག་མཁས་ཅན་ཨོ་དབྱང་ཤིའུ་ཡི་སྙན་ངག་ནང་འཁོད་པའི་ཆང་མྱོས་བསིལ་ཁང་གནས་ཡུལ་ཡིན་པ་རེད། དབྱར་གཞུང་དུ་ཁྲུའུ་ཀྲོའུ་ཡིས་ལང་ཡ་རི་བོའི་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་དང་སྐྱེ་ཁམས་མཛེས་ལྗོངས་ལ་བརྟེན་ནས“ཉིན་མོར་མཛེས་ལྗོངས་ལ་ལྟ་བ་དང་མཚན་མོ་ཚོང་འདུས་བསྐོར་བའི”རིག་གནས་དང་ཡུལ་སྐོར་གྱི་ལས་རྣམ་གསར་པ་བཏོད་པས། དབྱར་གསེང་རིང་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་སྒུལ་ཤུགས་གསར་པ་འཕེལ་བཞིན་ཡོད། འདི་ནི་གྲོང་མི་དང་ཡུལ་སྐོར་བས་ཁྲུའུ་ཀྲོའུ་ཡི་ལང་ཡ་རི་བོའི་ནགས་ཁྲོད་ཀྱི་ཆུ་གཞུང་དུ་གྲུ་ཆུང་གཏོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།