ལྷ་སའི་རིག་གནས་ཡུལ་སྐོར་གྱི་གཟུགས་བརྙན་པེ་ཅིང་གི་འགྲིམ་འགྲུལ་ལྟེ་གནས་ཆེན་པོ་དྲུག་ཏུ་མངོན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་པེ་ཅིང་བོད་སྐྱོར་བཀོད་འདོམས་པུའི་མཉམ་འབྲེལ་སྤྱི་འདོམས་འོག པེ་ཅིང་འབབ་ཚུགས་ནུབ་མ་དང་། ཆིང་ཧོ་འབབ་ཚུགས། ཧྥུང་ཐའེ་འབབ་ཚུགས། ཐུང་ཀྲོའུ་འབབ་ཚུགས། པེ་ཅིང་འབབ་ཚུགས། པེ་ཅིང་འབབ་ཚུགས་ལྷོ་མ་བཅས་སུ་ཁྱབ་པའི་ལྷ་སའི་རིག་གནས་ཡུལ་སྐོར་གྱི་ཁྱབ་གདལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་ཤིང་། འབབ་ཚུགས་ནང་གི་གློག་རྡུལ་བརྙན་ཤེལ་དང་། གློག་སྒམ་ཐོག་གི་བརྡ་སྦྱོར། ལྗོངས་བཀོད་འཁྲབ་ཚན་ཐུང་ངུ་བཅས་ཚང་མ་གངས་ལྗོངས་ས་མཐོའི་བརྗིད་ཆགས་ཡིད་དུ་འོང་བའི་ཡུལ་ལྗོངས་ཀྱི་བརྙན་པར་དུ་བརྗེས་ནས་བསྟན་པར་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་རྒྱུན་རྣམ་ཅན་གྱི་ཐད་འགོད་རྣམ་པའི་ཐོག་ནས་ལྟེ་གནས་ཆེན་པོ་དྲུག་དག་བོད་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་དང་ལྷ་སའི་རིག་གནས་ཡུལ་སྐོར་འོས་སྦྱོར་གྱི་སྐར་ཁུང་གལ་ཆེན་དུ་འགྱུར་ཡོད། དེའི་ནང་པེ་ཅིང་འབབ་ཚུགས་ནུབ་མས་ཕོ་བྲང་པོ་ཏ་ལ་དང་གནམ་མཚོ་སོགས་མཚོན་རྟགས་རང་བཞིན་གྱི་ས་གཤིས་དང་། མཛེས་ལྗོངས་ས་ཚིགས། དེ་བཞིན་འབྲི་གཡག་དང་ཤྭ་བ་མཆུ་དཀར་སོགས་ས་མཐོའི་གཞི་རྒྱུ་མཉམ་སྡུད་བྱས་པའི་ལྗོངས་བཀོད་འཁྲབ་ཚན་ཐུང་ངུ་སྟོན་ཡུལ་དེ་འབབ་ཚུགས་ནང་ཁུལ་གྱི་མི་མང་པོས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“གངས་ལྗོངས་གནའ་གྲོང་། གནས་མཆོག་ལྷ་ས”ཞེས་པའི་གྲོང་ཁྱེར་གྱི་མིང་བྱང་གི་སྐད་གྲགས་ཆེ་རུ་བཏང་ཡོད། གྲངས་གཞི་ལས་མངོན་པར། 2025ལོར་ལྷ་ས་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5051.47ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་16.81%འཕར་བ་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་606.23ཟིན་པ་དེ་དུས་མཚུངས་ལས་14.54%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།