དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • དཔའ་ཤོད་རྫོང་གི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-10

    ཚེས་8ཉིན“ཁམས་པའི་རིག་གནས་དར་ཞིང་རྒྱས། དཔའ་ཤོད་ཕུགས་འདུན་གྱི་རྗེས་སུ་སྙེག”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་དཔའ་ཤོད་རྫོང་གི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གསུམ་པ་འགོ་ཚུགས་ཤིང་། ད་ཐེངས་ཀྱི་ཡུལ་སྐོར་དུས་ཆེན་ཉིན་གསུམ་སྤེལ་རྒྱུ་དང་དེའི་རིང་དཔའ་ཤོད་རྫོང་གི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་དང་། གཏིང་ཟབ་པའི་ཁམས་པའི་དམངས་སྲོལ་གྱི་རིག་གནས་ནང་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་རྐྱང་ཞིག་གཅིག་སྡུད་ཐོག་སྟོན་པ་མ་ཟད། “མཛེས་པའི་ཁྲོན་བོད་ལམ་ཐིག་ཏུ། དཔའ་ཤོད་ཡུལ་ནི་ལྟེ་བ་ཡིན”ཞེས་པའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་མུ་མཐུད་བཀྲག་མདངས་འཚེར་སར་བྱ་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“དབྱིངས་ཞུགས་རྣམ་པའི་ཉམས་ལེན”གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས། བྱེད་སྒོ་ཚང་མ་རྒྱ་ཆེའི་ཡུལ་སྐོར་བ་དང་མང་ཚོགས་ལ་ཕྱོགས་ཏེ་ཞུགས་མང་བ་དང་བརྒྱུད་བསྒྲགས་བྱེད་མང་བའི་ཡུལ་དེའི་རིག་གནས་ཡུལ་སྐོར་གྱི་IPཧུར་ཐག་བཏོད་ནས་དཔའ་ཤོད་རྫོང་གི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་རྒྱུ་རེད།

    ད་ཕན་ལོ་ཤས་རིང་། དཔའ་ཤོད་རྫོང་གིས་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱེད་པར་ཧུར་ཐག་གཞོལ་ཞིང་། སྤུས་ལེགས་ཀྱི་སྐྱེ་ཁམས་རིག་གནས་ཀྱི་ཐོན་ཁུངས་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་གསར་དར་ལས་རྣམ་སྐྱེད་སྲིང་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་བསྒྱུར་བར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རྫོང་དེ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་710ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་15ལས་བརྒལ་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་རྫོང་དར་བ། དམངས་ཕན་དམངས་ཕྱུག་བཅས་ཀྱི་འཕེལ་རྒྱས་ལམ་བུར་བསྐྱོད་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།