དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་སྣོད་བཅུད།
  • 2025ལོར་ལྷ་སའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་དུ་སླེབས་པ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-07

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་2025ལོའི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་དུ་སླེབས་པ་རྒྱུན་འཁྱོངས་ཐུབ་ཡོད།

    2025ལོར་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཚད་གཞིར་སླེབས་པ་དང་། མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99.7%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་ཁྲོད་ཨང་གཉིས་པར་སླེབས་པ་དང་། ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་ལེགས་པོ་བྱུང་བ་དང་གཞུང་ཚད་བཅད་ངོས་5དང་རྫོང་རིམ་པ་དང་དེ་ཡན་གྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་ཁུངས་12ཀྱི་ཆུའི་སྤུས་ཚད་ཚང་མ་ས་ངོས་ཆུའམ་ཡང་ན་ས་འོག་ཆུའི་ཆུ་སྤུས་རིགས་Ⅲཔའི་ཚད་གཞིར་སླེབས་པ། ས་འོག་ཆུའི་ཆུ་སྤུས་སྤྱིར་ན་ཡག་པོ་རྒྱུན་འཁྱོངས་ཐུབ་པ་དང་གྲོང་ཁྱེར་གྱི་ཆུ་རྒྱུད་རྒྱུན་མཐུད་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བདེ་འཇགས་དང་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་དང་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཆ་བདེ་འཇགས་ངང་བེད་སྤྱོད་ཐུབ་པར་འགན་ལེན་ནུས་ལྡན་ཐུབ་པ། སྒྲའི་ཁོར་ཡུག་གི་ཉིན་མོའི་ཁོར་ཡུག་གི་འཛེར་སྒྲ་དང་འགྲོ་ལམ་འགྲིམ་འགྲུལ་གྱི་འཛེར་སྒྲ་ཚང་མ་རིམ་པ་དང་པོ་ཡིན་པ། འགྱེད་འཕྲོའི་ཁོར་ཡུག་སྤུས་ཚད་ཀྱི་སྤྱིའི་གནས་ཚུལ་ལེགས་པོ་ཡོད་པ་དང་དམིགས་ཚད་ཁག་ཚང་མ་རྒྱུན་གཏན་གྱི་ཁྱབ་ཁོངས་སུ་གནས་ཡོད།

    2025ལོ་ནི་ལྷ་སའི་སྐྱེ་ཁམས་སྤུས་རྟགས་འཛུགས་སྐྱོང་གི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་ལོ་ཞིག་རེད། ཟླ་7པར་ཙམ་པབ་ཝེ་རུ་འཚོགས་པའི《འདམ་རའི་སྤྱི་ཆིངས》ཀྱི་ཆིངས་འཇོག་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅོ་ལྔ་པའི་ཐོག་ལྷ་སར“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”གྱི་བྱང་བུ་དངོས་སུ་སྤྲད་ནས་བོད་དུ་དམིགས་བསལ་མཚན་སྙན་དེ་ཐོབ་མཁན་གྲོང་ཁྱེར་ཨང་དང་པོར་གྱུར་པ་དང་། ལོ་དེའི་ལོ་མཇུག་ཏུ། ཆུ་ཤུར་རྫོང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སྐྱེ་ཁམས་ཁོར་ཡུག་པུས་2025ལོའི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞིར་མིང་བཏགས་ཡོད། ལྷ་ས་གྲོང་ཁྱེར་ལ་རང་སྐྱོང་ལྗོངས་ཀྱི་4Aརིམ་པའི“སྙིགས་མེད་གྲོང་ཁྱེར”གྱི་དཔྱད་བསྡུར་ཐོབ་པ་དང་། རིམ་རྩིས་བརྒྱབ་ན“སྙིགས་མེད་ཕྲ་ཕུང”212བསྐྲུན་པ། ལྗོངས་ཡོངས་ཀྱི“སྙིགས་མེད་གྲོང་ཁྱེར”གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་ཐོག་མ་ཆུ་ཤུར་སྡོད་རྩའི་ཐོན་ལས་གླིང་དུ་བཙུགས་པ་བཅས་སྐྱེ་ཁམས་ཀྱི་མིང་བྱང་ལྗིད་ཏིག་ཏིག་གསུམ་པོ་དེ་དག་ལས་ལྷ་སའི“རིན་ཐང་མཐོ་བའི་སྐྱེ་ཁམས”དེ་འདུ་ཤེས་ནས་ལག་ལེན་དུ་གྱུར་པའི་ངོ་མཚར་ཆེ་བའི་མཆོང་སྐྱོད་ཀྱི་དཔང་པོ་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།