ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་གིས་ཆུ་འགོའི་ཁོར་ཡུག་འཕྲོད་བསྟེན་ལ་གྲལ་བཤེར་བཅོས་སྒྲིག་བྱས་པ།
ཉེ་ཆར། ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་ཆུ་བེད་ས་ཚིགས་དང་ཁོར་ཡུག་སྲུང་སྐྱོང་གཞུང་དོན་ཁང་གི་ལས་དོན་མི་སྣས་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། ལན་པ་གྲོང་ཚོའི་ཆུ་འགོར་བསྐྱོད་ནས་ཆུ་འགོའི་ཁོར་ཡུག་འཕྲོད་བསྟེན་ལ་ས་གནས་ས་ཐོག་ཏུ་གྲལ་བཤེར་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཞིང་། ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་། ས་གནས་ས་ཐོག་ཏུ་བཅོས་སྒྲིག བརྒྱུད་རིམ་ཧྲིལ་པོར་དམ་འཛིན་བཅས་བྱེད་པའི་བྱེད་ཐབས་དངོས་ལ་བརྟེན་ནས། ཆུ་འགོ་ནས་ཡུལ་མིའི་འཐུང་ཆུའི་འཕྲོད་བསྟེན་དང་བདེ་འཇཌ་འགན་ལེན་བྱས་ཏེ། དམངས་འཚོའི་ཆུ་བེད་འགན་ལེན་ལས་དོན་ཞིབ་ཚགས་ཡོང་བ་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།
ལན་པ་གྲོང་ཚོའི་ཆུ་འགོ་ཁུལ་དང་། ཆུ་མིག་གི་ཆུ་ལེན་ས། ཆུ་རྫིང་བཅས་སུ་ཞིབ་བཤེར་ཚོགས་ཆུང་གིས་ཆུ་འགོའི་མཐའ་འཁོར་གྱི་ས་ཆ་ཚང་མར་ཞིབ་བཤེར་དང་གྲལ་བཤེར་ཞིབ་ཚགས་བྱས་པ་རེད། ལས་དོན་པས་ཆུ་སྤུས་དང་མཐའ་འཁོར་གྱི་ཁོར་ཡུག་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ཏེ་ཞིབ་བཤེར་བྱེད་ཞོར་ཟིན་ཐོ་བཀོད་པ་དང་། ཆུ་འགོ་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁྱབ་ཁོངས་ཀྱི་སྨི་50ཡི་སར་ལེབ་བཤེར་བྱས་ཤིང་། དེ་གར་འཚོ་བའི་གད་སྙིགས་དང་། རྩྭ་ངན། ཅ་དངོས་སོཌ་སྤུངས་ཡོད་མེད་དང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བྱ་ཡུལ་དང་ཐག་ཉེ་པོ་ཡོད་མེད། འཚོ་བའི་བཙོག་ཆུ་འབུད་མིན་སོགས་ཀྱི་སྦགས་བཙོག་གནས་ཚུལ་ལ་གཙོ་གནད་ཞིབ་བཤེར་བྱས་པ་དང་ཆབས་ཅིག ལྕགས་དྲ་བརྟན་པོ་ཡོད་མེད་དང་། ཉེན་གཏོང་མཚོན་རྟགས་ཆ་ཚང་མིན། ཆུ་རྫིང་ཤོར་ཉེན་ཡོད་མེད། མཐའ་འཁོར་གྱི་ཁོར་ཡུག་གཙང་མ་ཡོད་མེད་བཅས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ནས་མངོན་མེད་རྐྱེན་ངན་མེད་པར་བཟོས་ཡོད།
ཞིབ་བཤེར་བྱེད་རིང་ལས་དོན་པས་ས་གནས་ས་ཐོག་ཏུ་གནས་ཚུལ་རེ་རེ་བཞིན་ཐོ་འགོད་ཞིབ་ཕྲ་བྱས་ཤིང་། ཤེས་རྟོགས་བྱུང་བའི་ཉེ་འཁོར་གྱི་རྩྭ་ཡན་དུས་ཐོག་ཏུ་གཙང་སེལ་བྱས་མེད་པ་དང་། འགོག་སྲུང་སྒྲིག་བཀོད་ཁག་གཅིག་ལ་སྐྱོན་ཕྲན་བུ་ཤོར་ཡོད་པ། ལྕགས་དྲ་དང་ར་སྐྱོར་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་གྲོང་ཚོ“ཨུ་ལྷན་གཉིས”དང་དེ་བཞིན་ཆུའི་ཐོན་ཁུངས་དོ་དམ་སྲུང་སྐྱོང་བ་དང་ངོ་ཐུག་གདོང་འཕྲད་ཀྱིས་ལན་སྤྲོད་བྱས་ཏེ། དག་ཐེར་གྱི་ཚད་གཞི་དང་ལེགས་གྲུབ་དུས་བཅད་ཁ་གསལ་བཟོས་ཡོད། ས་གནས་ས་ཐོག་ཏུ་དག་ཐེར་ཐུབ་རིགས་ལ་འཕྲལ་དུ་གྲོང་ཚོའི་ལས་བྱེད་པ་དང་དོ་དམ་སྲུང་སྐྱོང་མི་སྣས་ལག་ཆ་འཁྱེར་ནས་གཙང་བཤེར་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རྗེས་མ་འཐུས་སྒོ་ཚང་དུ་གཏོང་དགོས་རིགས་ལ་ས་གནས་ས་ཐོག་ཏུ་གནད་དོན་དག་ཐེར་རྩིས་ཐོ་བཟོས་ཏེ། ཐོ་བསུབ་དོ་དམ་ལག་བསྟར་བྱས་པ་དང་། ཤང་གི་ལས་དོན་མི་སྣས་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་གནད་དོན་དག་ཐེར་དོན་ཐོག་ཏུ་འཁྱོལ་བ་དང་ཁུག་ཆ་མི་ལུས་པ་དང་མངོན་མེད་རྐྱེན་ངན་བསལ་ཡོད།
ད་ཐེངས་ཀྱི་ཞིབ་བཤེར་བྱེད་རིང་ས་གནས་ས་ཐོག་ཏུ་ཁོར་ཡུག་འཕྲོད་བསྟེན་གྱི་གནད་དོན་1དག་ཐེར་བྱས་པ་དང་། ལྕགས་དྲ་དང་ར་སྐྱོར་བརྟན་པོ་མེད་པའི་གནད་དོན་3དག་ཐེར་བྱས་པ། གནད་དོན་གཞན་དག་ཚང་མ་དུས་བཀག་ལྟར་དག་ཐེར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།