དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • རང་ལྗོངས་ཀྱིས་ཚོགས་པ་བསྒྲིགས་ནས་ཤམ་བྷ་ལ་རིག་གནས་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་ལ་ཞུགས་པ།

    བརྗོད་དོན་གཙོ་བོ་ཆེན་པོ་བཞིའི་རིག་གནས་ཡུལ་སྐོར་ལམ་ཐིག་འབྲེལ་མཐུད་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-04

    ཉེ་ཆར། 2026ལོའི་ཀྲུང་གོའི་ཤམ་བྷ་ལ་རིག་གནས་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་བྱེད་སྒོ་སི་ཁྲོན་ཞིང་ཆེན་ཕན་ཀྲི་ཧྭ་གྲོང་ཁྱེར་དུ་སྤེལ་ཞིང་། རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཚོགས་པ་བསྒྲིགས་ནས་ཞུགས་པ་དང་། “བདེ་སྐྱིད་ཀྱི་བོད་ལྗོངས། བཀྲ་ཤིས་བདེ་ལེགས”སྤུས་རྟགས་ལ་དམིགས་ཏེ། G214དང་། G219 G317 G318 G349བཅས་རྒྱལ་ལམ་ལྔ་གཞི་སྒྲོམ་དུ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ཁུངས་གཙོ་བོ་གཅིག་སྡུད་ཐོག་འོས་སྦྱོར་བྱས་ནས། རྒྱལ་ཡོངས་ཀྱི་ཡུལ་སྐོར་བ“བོད་དུ་ཐེངས་གཅིག་སླེབས་པར་ཚེ་གང་ཡིད་ལ་འཆང”ཞེས་པ་ལྷག་བསམ་ཟོལ་མེད་ཀྱི་གདན་འདྲེན་ཞུས་པ་རེད།

    འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག བོད་ཀྱིས“དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལམ་བུ་བསྐྱར་དྲན”དང་། “ཇ་རྟའི་མནའ་ལམ་བསྐྱར་སྐྱོད” “ཇ་ལོའི་བྲོ་བ་མྱོང་བ་དང་ཁམ་བུའི་མེ་ཏོག་ལ་ལྟ་བ” “མཐའ་མཚམས་སྐོར་སྐྱོད་དང་ཇའི་རིག་གནས་འཚོལ་ཞིབ”བཅས་ཀྱི་བརྗོད་དོན་གཙོ་བོའི་ལམ་ཐིག་ཆེན་པོ་བཞི་བཏོད་དེ། རྒྱལ་ལམ་ལམ་རྒྱུད་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་སྣ་མང་རིག་གནས་འབྲེལ་མཐུད་བྱས་ཡོད། བར་ཁྱམས་དེ་དག་གི་མཛེས་ལྗོངས་ཕུན་སུམ་ཚོགས་པ་དང་རིག་གནས་སྣ་མང་ལྡན་པས། སི་ཁྲོན་དང་ཡུན་ནན་གྱི་ད་ཡོད་ལམ་ཐིག་དང་འབྲེལ་མཐུད་ཐུབ་ནས་ཤམ་བྷ་ལའི་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་མ་ལག་ཐུན་མོང་ཐོག་གྲུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།