“ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཆབ་མདོའི་ནུས་རྒྱུ་གཙང་མ་གསར་སྤེལ་ལ་མ་དངུལ་སྒོར་དུང་ཕྱུར་3000གཏོང་རྩིས་ཡོད་པ།
2035ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི“ཐཱན་ཚད་སྙོམ་སྦྱོར”གྱི་དམིགས་ཚད་མངོན་འགྱུར་ལ་ལེགས་སྐྱེས་འབུལ་ཚད་1.7%ལྷག་ཙམ་ཟིན་རྒྱུ་ཡིན་པ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་3000གཏོང་རྩིས་ཡོད་པ་དང་། སྐྲུན་བཞིན་པ་དང་བསྐྲུན་ཟིན་པའི་ནུས་རྒྱུ་གཙང་མའི་གློག་ཁང་ནས་གློག་གཏོང་ཚད་ཆན་ཝ་ཁྲི་8000ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད། 2035ལོར་སླེབས་སྐབས་ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2400ཟིན་རྒྱུ་ཡིན་པས། ལོར་ཚད་ལྡན་རྡོ་སོལ་ཏུན་ཁྲི་7200གྲོན་ཆུང་ཐུབ་རྒྱུ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་དུང་ཕྱུར་1.92ཉུང་དུ་གཏོང་ཐུབ་རྒྱུ་ཡིན་པར་བརྟེན། རྒྱལ་ཡོངས་ཀྱི“ཐཱན་ཚད་སྙོམ་སྦྱོར”གྱི་དམིགས་ཚད་མངོན་འགྱུར་ལ་ལེགས་སྐྱེས་འབུལ་ཚད་1.7%ལྷག་ཙམ་ཟིན་རྒྱུ་རེད།
ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ལི་ཧྲུའུ་གོ་ཡིས་ངོ་སྤྲོད་བྱས་དོན། མཚོ་བོད་ས་མཐོའི་ཤར་རྒྱུད་དང་། བོད་རང་སྐྱོང་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་ཆབ་མདོར་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། གྲོང་ཁྱེར་ཡོངས་ནས་ཆུ་དང་། རླུང་། འོད་སོགས་ཀྱི་ནུས་རྒྱུ་གཙང་མའི་གློག་ཆན་ཝ་དུང་ཕྱུར་4ལྷག་ཙམ་གསར་སྤེལ་བྱེད་ཐུབ་པ་དང་། གཙོ་གནད་ཐོག་ལག་བསྟར་བྱེད་རྩིས་ཡོད་པའི་གསར་སྤེལ་རྣམ་གྲངས་ཀྱི་སྤྱིའི་གཞི་ཁྱོན་ཆན་ཝ་དུང་ཕྱུར་1.5ལྷག་ཙམ་ཟིན་རྒྱུ་རེད། ད་ལོ་བཏོན་པའི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དུ་རྒྱལ་ཁབ་རིམ་པའི་ཆུ་རླུང་འོད་གསུམ་གྱི་གློག་ཤུགས་གཞི་གཅིག་ཅན་གྱི་རྟེན་གཞི་4བསྐྲུན་རྩིས་ཡོད་པ་གསལ་པོར་བཏོན་པའི་ནང་རྟེན་གཞི་3ཆབ་མདོར་ཡོད་པ་རེད།
མིག་སྔར། སྲུང་བ་ལུང་དང་འབའ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཚང་མ་ནས་གློག་གཏོང་འགོ་ཚུགས་པ་དང་། ཡེ་པ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཁག་དང་པོ་ནས་གློག་ཆན་ཝ་ཁྲི་102གཏོང་འགོ་ཚུགས་ཡོད། ལྷག་བ་དང་། སྤོ་ལོ། འཕྲང་པོ། བྲག་ལམ་སོགས་ཆུ་ཤུགས་གློག་ཁང་སྐྲུན་མགྱོགས་སུ་གཏོང་བཞིན་ཡོད། མཁར་བ་འཕེལ་ཁྱིམ་གྱི་ཆུ་འཐེན་ནུས་གསོག་གློག་ཁང་ལ་ཞིབ་དཔྱད་ཆོག་འཐུས་རག་ཡོད། སྤང་མདོ་དང་། གྲོང་པ་སོགས་ཆུ་ཤུགས་གློག་ཁང་གི་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེའི་བར་གྱི་ཆན་ཧྥུའུ་800±ཡི་གནམ་མཐོའི་ཐད་རྒྱུག་གློག་འདྲེན་ལས་གྲྭ་བསྐྲུན་ནས་སྤྱོད་བཞིན་ཡོད། བོད་ཀྱི་ཤར་ལྷོའི་རྒྱུད་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་བར་གྱི་ཆན་ཧྥུའུ་800±ཡི་གནམ་མཐོའི་ཐད་རྒྱུག་གློག་གཏོང་ལས་གྲྭ་ཕྱོགས་ཡོངས་ནས་སྐྲུན་བཞིན་ཡོད། ཡིད་ཆེན་གྱི་གློག་ཆན་ཝ་ཁྲི་30ཡི་འོད་ཤུགས་གློག་ཁང་གི་རྣམ་གྲངས་ལོ་འདིའི་ནང་བསྐྲུན་ནས་སྤྱོད་རྒྱུ་ཡིན་པ་རེད།
ནུས་རྒྱུ་གཙང་མ་གསར་སྤེལ་གྱི་འཁོར་འབྲེལ་རྒྱུན་མཐུད་སྣུར་སྲིང་དང་། གསབ་པ། སྟོབས་ཆེར་གཏོང་བ་བཅས་ལ་དམིགས་ནས། ཆབ་མདོ་གྲོང་ཁྱེར་གྱིས་ཤར་ཕྱོགས་གློག་ལས་དང་། ཆུ་གློག་ཅུས་བཞི་པ། དམིགས་བསལ་གློག་སྒྱུར་བཟོ་པ་མ་རྐང་ཚད་ཡོད་ཀུང་སི། ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་སོགས་ཁེ་ལས་ནང་འདྲེན་བྱས་ཡོད། ཤར་ཕྱོགས་གློག་ལས་དང་ཆུ་ཤུགས་གློག་ཁང་ཅུས་བཞི་པའི་བཟོ་ཁང་བསྐྲུན་ཟིན་པ་དང་། ཏཱ་ཐང་བོད་ལྗོངས་ཆབ་མདོའི་ནུས་རྒྱུ་གཙང་མའི་འཁོར་རྒྱུག་སྲུང་སྐྱོང་ལྟེ་གནས་ཀྱི་ཁང་པ་སྟར་པ་གསུམ་གྱི་སྒྲོམ་གཞི་ཕྱོགས་ཡོངས་ནས་བསླངས་ཟིན་ཡོད། དམིགས་བསལ་གློག་སྒྱུར་བཟོ་པ་མ་རྐང་ཚད་ཡོད་ཀུང་སི་དང་ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་ཡི་བཟོ་ཁང་2026ལོའི་ལོ་མཇུག་ཏུ་བསྐྲུན་ནས་སྤྱོད་འགོ་འཛུགས་རྩིས་ཡོད་པ་རེད། སྔོན་དཔག་བྱས་ན་ཁེ་ལས་4ཡི་དུས་ཐེངས་དང་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་24ཟིན་རྒྱུ་ཡིན་པ་དང་། རྟེན་གཞི་ཆེན་པོ་གསུམ་འཛུགས་སྐྲུན་བྱེད་རིང་། སྐྱེལ་འདྲེན་དང་། ཉམས་བཟོ། བཟའ་བཏུང་། ཉོ་ཚོང་། འཁོར་རྒྱུག་སོགས་ལས་རིགས་ནང་སྔོན་དཔག་བྱས་ན་མི་ཁྲི་4ལྷག་ཙམ་ཐད་ཀར་ལས་ཞུགས་ཐུབ་པ་དང་མི་ཁྲི་4ལྷག་ཙམ་ཞོར་དུ་ལས་ཞུགས་ཐུབ་རྒྱུ་རེད།
གཞན་ཡང་། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར་ཆབ་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་71.73བཏང་བ་དེས་གྲོང་ཁྱེར་ཡོངས་སུ་བཏང་བའི་མ་དངུལ་གྱི་40.8%བཟུང་ཡོད། སྐྲུན་བཞིན་པ་དང་བསྐྲུན་ཟིན་པའི་ནུས་རྒྱུ་གཙང་མའི་སྒྲིག་སྦྱོར་བྱས་པའི་གློག་ཤུགས་འཕྲུལ་འཁོར་ནས་གློག་འདོན་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་ཆན་ཝ་ཁྲི་681ནས་མིག་སྔའི་ཆན་ཝ་ཁྲི་2163བར་མང་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།