དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བོད་ལྗོངས་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི“གསེར་གྱི་རྟགས་མ་བཅུའི”སྤུས་རྟགས་དཔྱད་འདེམས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-29

    ཉེ་དུས། ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི“གསེར་གྱི་རྟགས་མ་བཅུའི”སྤུས་རྟགས་དཔྱད་འདེམས་བྱས་འབྲས་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། “རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ་དང་སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་པའི”ཕྱོགས་བསྡུས་དཔྱད་བསྡུར་བྱས་པ་བརྒྱུད། གསེར་གྱི་རྟགས་མ་ཐོབ་པའི་ཡུལ་སྐོར་ལས་དོན་ཁང་10དང་། གསེར་གྱི་རྟགས་མ་ཐོབ་པའི་ཡུལ་སྐོར་སྣེ་ཤན་པ་10 གསེར་གྱི་རྟགས་མ་ཐོབ་པའི་གསོལ་མགྲོན་ཁང་དང་དམངས་སྲོལ་གནས་ཚང་10བཅས་བདམས་ཐོན་བྱུང་ནས་ལྷ་སའི“རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་གྲགས་ཅན”གཏོད་པར་ཞབས་ཞུ་རིམ་སྤོར་གྱི་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་དཔྱད་འདེམས་ཐོག་ཁྲིམས་མཐུན་གཉེར་སྐྱོང་བྱས་ནས་ལོ་གསུམ་སོང་བའི་ལྷ་སའི་ཡུལ་སྐོར་སྒྲིག་གཞི་དང་དེ་བཞིན་ལས་གཉེར་པར་དམིགས་ཡོད་པ་དང་། དེ་ནི་ལྷ་སས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩའི་ལྷུ་ཚིགས་ཤིག་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།