དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།>བདག་གི་ཡུལ་སྐོར་མཐོང་ཐོས།
  • ནང་སོག་རང་སྐྱོང་ལྗོངས་ཀྱི་ནཱ་ཏ་མུའུ་སྐབས་36པ་ཤིས་ལིན་ཧའོ་ཐེ་རུ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-28

    ཟླ་7ཚེས་18ཉིན“ནང་སོག་ཏུ་ཡུལ་སྐོར་བྱེད། ནཱ་ཏ་མུའུ་རུ་མཇལ་འཕྲད་ཡོང”ཞེས་པའི་ནང་སོག་རང་སྐྱོང་ལྗོངས་ཀྱི་ནཱ་ཏ་མུའུ་སྐབས་36པ་ཤིས་ལིན་ཀུའོ་ལེ་མོང་ཤིས་ལིན་ཧའོ་ཐེ་གྲོང་ཁྱེར་གྱི་ནཱ་ཏ་མུའུ་ཁྱད་ལྡན་གླིང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། སྲོལ་རྒྱུན་གྱི་དམངས་སྲོལ་དང་དར་བཟོའི་རྩེད་སྟངས་བརྒྱུད་དབྱིངས་བཞུགས་རྣམ་པའི་སྤེལ་རེས་ཀྱི་ཉམས་ལེན་ཕྱོགས་ཡོངས་ནས་རིམ་སྤོར་བྱུང་སྟེ་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་དང་། དམངས་སྲོལ་རོལ་རྩེད། མི་རིགས་གྱོན་ཆས་གྱོན་ནས་ཡུལ་སྐོར་པར་ལེན་སོགས་ཉམས་ལེན་གྱི་ལས་རྣམ་20ལྷག་ཙམ་གཅིག་མཇུག་གཉིས་མཐུད་ངང་མིག་ལམ་དུ་བཤམས་པས། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་དང་ཡུལ་དེའི་མང་ཚོགས་དེའི་ཁྲོད་ཞུགས་པའི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། འདི་ནི་ཟླ་7ཚེས་18ཉིན་རྒྱལ་སྤྱིའི་ཡུལ་སྐོར་བས་འགོ་ཚུགས་མཛད་སྒོའི་ཐོག་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།