2026ལོའི་མལ་གྲོ་གུང་དཀར་གྱི“སྲོང་བཙན”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་འགོ་ཚུགས་པ།
ཉེ་ཆར། གསར་འགོད་པར་2026ལོའི་མལ་གྲོ་གུང་དཀར་གྱི“སྲོང་བཙན”རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་7ཚེས་17ནས་20ཉིན་བར་གཉེར་རྒྱུ་ཡིན་པ་དང་། ཚོགས་ར་གུང་དཀར་གྲོང་རྡལ་བདེ་སྐྱིད་གླིང་དུ་བཙུགས་པ་དང་དུས་ཡུན་ཉིན་3དང་ཕྱེད་ཀ་ཡིན་པ་རེད།
སྐབས་འདིའི“སྲོང་བཙན”རིག་གནས་ཡུལ་སྐོར་དུས་ཆེན་གྱིས“སྲོང་བཙན་གྱི་ཕ་ཡུལ། གནམ་མཐའི་མལ་གྲོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་རིག་གནས་ཡུལ་སྐོར་དང་ལས་རྣམ་མང་པོ་ཟུང་དུ་འབྲེལ་བའི་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་མཐའ་འཁྱོངས་བྱས་ཤིང་། དེའི་དམིགས་ཡུལ་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་སྐྱེ་ཁམས་བཟང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་པ། མི་རིགས་མཐུན་སྒྲིལ་བཅས་ཀྱི་དུས་རབས་ཀྱི་རྣམ་པ་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་ཆེད་རེད། སྐབས་དང་པོ་དང་བསྡུར་ན། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་སྟེ། གྲངས་འཛིན་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། ཀུན་གསལ་བརྙན་པར་དང་རིག་ནུས་སྤེལ་རེས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལོ་རྒྱུས་རིག་གནས་ཀྱི་མཚོན་ཤུགས་དང་ཉམས་ལེན་ཚོར་སྣང་ཟབ་ཏུ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ལག་ཤེས་ཉམས་ལེན་དང་། གྱོན་ཆས་ངོམ་སྟོན། ས་གནས་ས་ཐོག་ཏུ་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་ལྷ་མོ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཁྱབ་པར་བྱེད་པ། དམངས་ཡོངས་རིན་མེད་ཀུན་ཕན་ནང་ཞུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒན་རྒོན་སོགས་ཚོགས་སྤྱིར་དྲོ་སྐྱིད་ལྡན་པའི་ཞབས་འདེགས་ཞུ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ཧྲིལ་པོ་མཉམ་འགུལ་བྱས་ནས་ཁྱད་ལྡན་ཉམས་ལེན་བྱེད་སྒོ་ཁག་གཅིག་ཐང་སྐྱ་ཤང་དང་། ཉི་མ་ལྕང་རྭ་ཤང་། རྒྱ་མ་གྲོང་རྡལ། རྨམ་པ་ཤང་སོགས་ཤང་དང་གྲོང་རྡལ་དུ་སྤེལ་ཏེ་ས་ཁོངས་ཧྲིལ་པོར་གཞི་གཅིག་ཅན་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གཏོད་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།