དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དགུ་པ་ཟླ་8ཚེས་12ཉིན་འགོ་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-17

    ཚེས་14ཉིན་གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཉེར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དགུ་པ་ཟླ་8ཚེས་12ནས་ཟླ་8ཚེས་20ཉིན་བར་གཉེར་རྒྱུ་དང་བྱེད་སྒོ་སྤེལ་ཡུལ་གཙོ་བོ་གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་རིག་གནས་བསམ་བཀོད་གླིང་དང་རྫོང་དང་ཆུས་ཁག་གཅིག་ཏུ་ཡིན་པ་རེད།

    སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“ཇོ་མོ་གླང་མའི་ཕ་ཡུལ·བཀྲ་ཤིས་པའི་གཞིས་རྩེ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། བྱེད་སྒོའི་དུས་ཚོད་ཟླ་8པའི་ཟླ་དཀྱིལ་དུ་བཀོད་སྒྲིག་བྱས་པ་དེས་གུང་གསེང་བཞག་པའི་ལྗོངས་ཕྱིའི་སློབ་མ་གཞིས་རྩེར་ཡོང་ཁོམ་ཡོད་པས་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་མྱོང་ཚོར་ཐུབ་པ་མ་ཟད། གཞིས་རྩེའི་ས་ཁུལ་མང་ཆེ་བའི་མི་སེར་ཡང་ད་ཐེངས་ཀྱི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཞུགས་ནས་ལྗོངས་ཕྱི་ནང་གི་མི་རིགས་ཁག་དབར་གྱི་འགྲོ་འོང་དང་སྤེལ་རེས་ལ་སྐུལ་མ་ཐེབས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་གཞིས་རྩེའི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལ་གཞི་ཚུགས་ཏེ། ད་ལྟ་སྤེལ་བཞིན་པའི་ཇོ་མོ་གླང་མའི་མཚན་ཁྲོམ་སོགས་ཀྱི་བྱེད་སྒོ་དང་འབྲེལ་མཐུད་དམ་ཟབ་བྱས་ནས་ཇོ་མོ་གླང་མའི་IPསྤུས་རྟགས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་བྱེད་སྒོའི་གཞི་རྟེན་དང་ལས་རྣམ་གསར་གཏོད་བྱས་ནས་རིག་གནས་ཡུལ་སྐོར་དུས་ཆེན་གྱི“བཞུར་ཚད”དེ་དཔལ་འབྱོར་གྱི“འཕར་ཚད”ལ་འགྱུར་བ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།