ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གིས།
གྲོང་ཁྱེར་བཅོས་སྐྱོང་ཞིབ་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྦྱོང་བྱ་སྤྱོད་སྤེལ་བ།
ཉེ་ཆར། ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་གིས་གྲོང་ཁྱེར་བཅོས་སྐྱོང་ཞིབ་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྦྱོང་བྱ་སྤྱོད་སྤེལ་ནས་ཁྲོམ་གཞུང་གྲོང་ཁྱེར་དོ་དམ་གཞུང་ལས་ཁང་དང་ཁྲིམས་སྒྱུར་རུ་འབྲིང་དང་། དེ་བཞིན་སྡེ་ཁུལ་ཁག་གི་འགན་འཁུར་བ་གཙོ་བོ་མཉམ་དུ་ཞུགས་ཏེ་ཁོར་ཡུག་བཅོས་སྐྱོང་གི་འགན་འཁྲི་ནན་དུ་དང་གཞི་རིམ་བཅོས་སྐྱོང་གི་ཞན་ཆ་སྔར་བས་བསལ་ནས་ཁོངས་གཏོགས་ཁུལ་གྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ཡོད།
ད་ཐེངས་ཀྱི་བྱ་སྤྱོད་རིང་། “ལྟ་སྦྱོང་དང་། དཔྱད་བརྗོད། བཅོས་སྒྲིག་བཅས་གཅིག་ཏུ་འདུས་པའི”གདུབ་ཟུམ་གྱི་ལས་དོན་སྤེལ་སྟངས་སྤྱད་དེ་ཁོངས་གཏོགས་ཁུལ་གྱི་མ་ལམ་དང་ལམ་ཆུང་་དང་། སྲང་ལམ་དང་ཁུག་ཀྱོག ལས་ཡུལ་སོགས་གཙོ་གནད་ས་ཁོངས་ལ་དམིགས་ནས་ཁོར་ཡུག་གི་གནད་དོན་ཕྱོགས་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱས་ཏེ། གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་ཟང་ཟིང་གི་སྣང་ཚུལ་སྣ་ཚོགས་ལ་འབེན་གཏད་གྲལ་བཤེར་དང་གནད་སྨིན་ཇུས་བསྟར་བྱས་ཡོད།
ལྟ་སྦྱོང་ཚོགས་ཆུང་གིས་ལམ་ངོས་ཀོང་དོང་ཆགས་པ་དང་། གློག་སྐུད་ཟང་ཟིང་ཆེ་བ། ཨར་སྐྲུན་གད་སྙིགས་གང་བྱུང་སྤུངས་པ། “སྒོ་འགྲམ་གྱི་འགན་ལེན་གསུམ”དོན་འཁྱོལ་གནད་འཁེལ་མ་བྱུང་བ། ཨར་ལས་བྱ་ཡུལ་གྱི་སྐོར་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ས་གནས་ས་ཐོག་ཏུ་རེ་རེ་བཞིན་ཞིབ་དཔྱད་བསྡུར་བཤེར་བྱས་ཁར། ལམ་སེང་དག་ཐེར་ཡོ་བསྲང་བྱེད་དགོས་པའི་བཀའ་བཏང་ནས་འགན་འཁྲིའི་བྱེད་པོར་དུས་བཀག་ནང་དག་ཐེར་བྱེད་དགོས་པའི་སྐུལ་འདེད་བཏང་བ་དང་། དུས་མཚུངས་སུ་ཆུ་གཏོར་རྡུལ་འཇགས་དང་གད་སྙིགས་ཚད་ལྡན་དབོར་འདྲེན་སོགས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱེད་པ་དང་། སྤྱི་པའི་བོགས་གཏོང་ཁང་པ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ལེབ་བཤེར་བྱས་ཏེ་འབྱུང་རྩ་ནས་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།