གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས།
ལྗང་མདོག་ཁྲལ་བསྡུའི་ལམ་ལུགས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོང་ཁེ་ལས་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་པ།
རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་ཅུས་ཁྲལ་དོན་ཡན་ལག་ཅུས་དང་པོའི་གནད་སྨིན་རོགས་རམ་འོག བོད་ལྗོངས་ཁོའོ་ཀྲུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་རྩལ་ཚད་ཡོད་ཀུང་སིས་གཉེར་སྐྱོང་ཚད་ལྡན་དང་ལྗང་མདོག་ཁྲལ་བསྡུའི་ལམ་ལུགས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་པ་སོགས་བྱས་པ་བརྒྱུད་ཉེན་ཆེའི་ཟོག་རོ་ཏུན་སྟོང་ལྷག་ཙམ་བསྐྱར་དུ་སྤྱོད་རུང་བའི་ཐོན་ཁུངས་སུ་བསྒྱུར་ནས། ས་གནས་དེ་གར་ཆགས་པའི་ཐོག་མའི་ཁེ་ལས་ཤིག་ནས་ས་ཁོངས་ཁོར་ཡུག་སྲུང་སྐྱོང་ལས་རིགས་ཀྱི་ལུགས་མཐུན་ཚད་ཤིང་ཁེ་ལས་སུ་གྱུར་ཏེ། ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལས་ལ་ལྗང་མདོག་གི་སྒུལ་ཤུགས་བཏོན་ཡོད། 2025ལོར་ཁེ་ལས་ཀྱིས་བེད་མེད་འཕྲུལ་སྣུམ་ཏུན་636.35དང་། བེད་མེད་གློག་རྫས་ཏུན་276.46 བེད་མེད་འདྲེད་སྣུམ་ཏུན་74.24བཅས་བསྡུས་ནས་ཉེན་ཆེའི་ཟོག་རོ་ཏུན་སྟོང་ལྷག་ཙམ་དབྱེ་གསེས་དང་གཙང་སེལ་བྱས་ཏེ་བསྐྱར་དུ་བེད་སྤྱད་པས“ཟོག་རོ”“མཆོག་ནོར”དུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།