“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་ཁྱོན་1000བསྐྲུན་པ།
ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་རྣམ་གྲངས་856ལག་ལེན་བསྟར་བ།
ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་ས་མཐོའི་མཛེས་མཐུན་གྲོང་གསེབ་ཁྱོན་1000བསྐྲུན་པ་དང་། ཁ་གསབ་མ་དངུལ་སྒོར་དུང་ཕྱུར་80.8དོན་འཁྱོལ་བྱས་པ། ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་རྣམ་གྲངས་856ལག་ལེན་བསྟར་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་མཐོ་གྲང་དང་ས་བབ་མཐོ་ཁུལ་གྱི་དུད་སྦྲེལ་གསང་སྤྱོད་འཛུགས་སྐྲུན་དང་། བཙོག་གཅིན་ཐོན་ཁུངས་སུ་སྤྱོད་པ་དང་དེ་བཞིན་བཙོག་འཐེན་རླངས་འཁོར་ཚོད་ལྟ་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དུད་ཚང་ཁྲི་45ལྷག་ཙམ་གྱི་གསང་སྤྱོད་སྒྱུར་བཀོད་བྱས་པར་ཁྱབ་ཚད་84.41%ཟིན་པ་དང་། “ཁ་ཐོར་དང་། གཅིག་སྡུད། རྣམ་གྲངས་ཅན”བཅས་ཀྱི་བྱེད་ཐབས་གསུམ་སྤྱད་དེ་དུད་ཚང་ཁྲི་36ལྷག་ཙམ་གྱི་མི་ཕྱུགས་ལོགས་སུ་ཕྱེ་བ་དང་ལོགས་སུ་ཕྱེ་ཚད་98.95%ཟིན་པ། དམིགས་བསལ་གྱི་ལྗོངས་བབ་ལ་གཞི་ཚུགས་ཏེ་མིས་བཟོས་འདམ་ར་དང་། བཅད་གསུམ་གྱི་ལུད་དོང་། དེ་བཞིན་སྐྱེ་ཁམས་རྫིང་བུ་སོགས་ཀྱི་ལག་རྩལ་སྤྱད་དེ་ཞིང་འབྲོག་ཁུལ་གྱི་བཙོག་ཆུ་གཙང་གསིང(དོ་དམ་ཚོད་འཛིན)བྱེད་ཚད་མཐོ་རུ་བཏང་བས་དྲི་ངན་དང་བཙོག་ཆུ་སྤྱིར་ན་གཙང་གསིང་ཐུབ་པ། འཚོ་བའི་གད་སྙིགས་བསྡུ་འདྲེན་གཙང་སེལ་དང་དོ་དམ་བྱེད་ཐབས་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་པས་བསྡུ་འདྲེན་གཙང་སེལ་མ་ལག་སྲིད་འཛིན་གྲོང་ཚོར་ཁེབས་ཚད་95%ཡན་ཟིན་ཡོད།
ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་པའི་ཐད། རྫོང་ཁོངས་ཀྱིས་འཚོ་བའི་གད་སྙིགས་མེར་སྲེག་པའི་ཚོད་ལྟའི་རྣམ་གྲངས་ཆུང་གྲས་ལ་སྤྱི་འདོམས་ཀྱིས་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ལག་རྩལ་ཞིབ་འཇུག་དང་བེད་སྤྱོད་ལ་སྐུལ་འདེད་བཏང་བ་དང་། གསང་སྤྱོད་ཀྱི་བཙོག་གཅིན་གནོད་མེད་ཅན་གྱི་གཙང་སེལ་ལག་རྩལ་ཞིབ་འཇུག་ལ་འཕེལ་རྒྱས་ཡག་པོ་བྱུང་བ། ས་མཐོའི་སྲ་གཟུགས་ཟོག་རོ་ཐཱན་ཉུང་ཅན་གྱི་ནུས་རྒྱུར་བེད་སྤྱད་པས་ལག་རྩལ་གྱི་མ་ལག་ཆགས་པ། འགྱིག་སྙིགས་འགོག་བཅོས་ཀྱི་ཚན་ཞིབ་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།